དབྱར་གསུམ་གྱི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས།ཚ་བ་ཆེ་བ་དང་ཆར་པ་ཉུང་བའི་གནམ་གཤིས་རྒྱུན་མཐུད་ངང་བསྟན་སྟབས་ཧོ་ནན་གྱི་ས་ཁུལ་ཁག་གཅིག་གི་མ་རྨོས་ལོ་ཏོག་དང་སྲན་ཆེན་སོགས་ལོ་ཏོག་གི་ལྗང་བུ་སྐྱེ་འཚར་ལ་ཤུགས་རྐྱེན་ངན་པ་ཐེབས་པར་ས་གནས་ཁག་གིས་མང་ཚོགས་སྒྲིག་འཛུགས་བྱས་ནས་ཐན་པ་བཀག་ནས་མྱུ་གུ་སྲུང་སྐྱོང་གི་ལས་དོན་སྤེལ་གྱི་ཡོད་པ་རེད། པར་འདི་ནི་ཟླ་6ཚེས་14ཉིན།ཆུ་གཏོར་སྒྲིག་ཆས་ཀྱིས་ཧོ་ནན་ཞིང་ཆེན་ནན་དབྱང་གྲོང་ཁྱེར་ཝན་ཁྲེང་ཆུས་ཅིན་ཧྭ་གྲོང་རྡལ་ཤིས་ཞེ་ཡིང་གྲོང་ཚོའི་ནུས་མཐོ་དཔེ་སྟོན་ཞིང་ཁར་ལོ་ཏོག་ལ་ཆུ་གཏོང་བཞིན་པའི་གནས་ཚུལ་ཡིན་པ། (ཤིན་ཧྭ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་གཞིར་བཟུང)
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社