分享按钮

རང་གྲོང་གི་ཚོང་དོན་ཚན་པས་སྲིད་ཇུས་དོན་ཚན་8དོན་འཁྱོལ་བྱས་ནས་དཔལ་འབྱོར་དང་དམངས་འཚོར་ཕན་བཏཊ་པ།

(པར་ངོས་དང་པོར་མཐུད)ཁེ་ལས་ལ་རོགས་རམ་བྱ་རྒྱུའི་སྲིད་ཇུས་དོན་ཚན་8》བཏོན་ནས་འདི་ལོའི་ཟླ་6ཚེས་1ནས་ཟླ་12པའི་ཚེས་31བར་ལག་བསྟར་བྱ་རྒྱུ་དང་། ཆེད་དོན་བྱ་སྤྱོད་རབ་དང་རིམ་པ་སྤེལ་བ་བརྒྱུད་འཛད་སྤྱོད་ཀྱི་འདེང་ཚོད་ཆེ་རུ་བཏང་སྟེ་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འཕེལ་བ་བྱེད་རྩིས་ཡོད་པ་རེད།

ཉིན་ཤས་གོང་། གསར་འགོད་པས་གྲོང་ཁྱེར་ཚོང་དོན་ཅུས་ནས་ཤེས་རྟོགས་བྱུང་བར། འབྲེལ་ཡོད་སྲིད་ཇུས་ལག་བསྟར་ཡག་པོ་བྱ་ཆེད། སྲིད་ཇུས་དེ་ལག་བསྟར་བྱས་ཚུན། ཅུས་དེ་གས་ཚད་མཐོའི་མཐོང་ཆེན་བྱས་པ་དང་ལས་འགན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དུས་གཅིག་ཏུ་ལག་བསྟར་ཞིབ་སྲོལ་བཟོས་ནས་ཁ་གསབ་ཀྱི་ཁྱབ་ཁོངས་དང་། ཁ་གསབ་ཀྱི་ཚད་གཞི། མ་དངུལ་བགོ་བཤའ་སོགས་ཁ་གསལ་བཟོས་པར་མ་ཟད། ཞིབ་ཕྲའི་ལས་ཀའི་བླང་བྱ་བཏོན་ཡོད། གྲོང་ཁྱེར་རིམ་པའི་ནོར་སྲིད་ཚན་པའི་བསམ་འཆར་བསྡུ་ལེན་བྱས་པ་བརྒྱུད་སྔར་བས་བཟོ་བཅོས་དང་འཐུས་ཚང་དུ་བཏང་ནས་ཁོངས་གཏོགས་ཁུལ་ཁག་ལ་བཏང་བ་དང་། གང་མགྱོགས་དོན་འཁྱོལ་དང་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་ཡོད། མིག་སྔར། ཁོངས་གཏོགས་ཁུལ་ཁག་གི་ཆེད་དོན་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྒྲིག་འཛུགས་བྱེད་བཞིན་ཡོད་པ་རེད། གྲོང་ཁྱེར་ཚོང་དོན་ཅུས་ཁྲོམ་ར་འཁོར་སྐྱོད་ལེགས་སྒྲིག་ཁོའོ་ཡི་ཁོའོ་ཀྲང་ལུའུ་ཝུན་ཝུན་གྱིས་ཁྲེང་ཀོན་ཆུས་ཀྱིས་རླངས་འཁོར་ཉོ་བའི་ཁ་གསབ་སྤྲོད་པའི་བྱེད་སྒོ་ཐེངས་གཉིས་སྒྲིག་འཛུགས་བྱས་ཟིན་པ་དང་། དེའི་རིང་ལེ་ལག་ཚང་བའི་རླངས་འཁོར་འགྲེམས་སྟོན་དང་བརྒྱུད་ཚོང་པས་ཁེ་བཟང་སྤྲོད་པའི་གཟིགས་སྐྱོང་གཉིས་རྩེག་བྱས་པས་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད། རེས་སྐོར་རེའི་བྱེད་སྒོར་མ་དངུལ་སྒོར་ཁྲི་1000བཏང་བ་ཚང་མ་ཉིན་གསུམ་གྱི་ནང་བེད་སྤྱོད་བྱས་ཚར་ཡོད། འཛད་སྤྱོད་འཛིན་ཤོག་གི་བྱེད་སྒོ་ཡང་གཅིག་རྗེས་གཉིས་མཐུད་ངང་སྤེལ་བཞིན་ཡོད་པས་རེས་སྐོར་རེའི་བྱེད་སྒོའི་ཞིབ་རྩིས་ཀྱི་གནས་ཚུལ་ཧ་ཅང་ཡག་པོ་ཡོད་པ་དང་། མང་ཚོགས་ཧུར་བརྩོན་ཆེན་པོས་ཞུགས་ཡོད་པས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་ཅེས་བཤད་པ་རེད།

སྲིད་ཇུས་ཀྱི་བླང་བྱ་ལྟར་ད་ཐེངས་རང་གྲོང་གི་ཚོང་དོན་ཚན་པས་འཛད་སྤྱོད་ལ་སྐུལ་མ་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་སྤེལ་ནས་སྲིད་གཞུང་གིས་ཁྲིད་སྟོན་དང་། ཚོང་པས་ཁེ་བཟང་སྤྲོད་པ། དམངས་ཡོངས་ཞུགས་པ་བཅས་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་སྡེབ་སྒྲིག་ཆ་ཚང་ཞིག་བཏོན་པ་དང་། དུས་ཆེན་གྱི་འཛད་སྤྱོད་འཁྲུག་པོ་བེད་སྤྱོད་བྱས་ཏེ་གཙོ་བོ་རླངས་འཁོར་དང་། ཁྱིམ་སྤྱོད་གློག་ཆས། ཁྱིམ་ཆས། ཟོག་ཉོ་དང་བཟའ་བཏུང་། བཟོས་གྲུབ་སྣུམ་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ནས་ནང་དོན་ཕུན་སུམ་ཚོགས་ཤིང་རྣམ་པ་སྣ་ཚོགས་ཀྱི་ཆེད་དོན་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ཏེ་འཛད་སྤྱོད་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བ་དང་། འཛད་སྤྱོད་ཀྱི་རྣམ་པ་ཟབ་མོ་བཏོད་པ། ཁྲོམ་རའི་བྱེད་པོ་དེ་བས་མང་བ་དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་པ་བཅས་ནས་འཛད་སྤྱོད་ཀྱི་གསོན་ཤུགས་དང་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་པ་དང་། མི་དམངས་མང་ཚོགས་ཀྱི་སྣ་མང་ཅན་གྱི་དགོས་མཁོ་དེ་བས་ལེགས་པ་བསྐངས་ནས་འཛད་སྤྱོད་ཁྲོམ་ར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། ལུའུ་ཝུན་ཝུན་གྱིས་རྗེས་མར་ངེད་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་ཁོངས་གཏོགས་་ས་གནས་ཁག་གི་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱོགས་གསུམ་པའི་སྒྲིག་གཞི་ནང་འདྲེན་བྱས་ཏེ་ཁ་གསབ་མ་དངུལ་གཏོང་བའི་བརྒྱུད་རིམ་ལ་ལྟ་སྐུལ་དོ་དམ་དང་རྗེས་འདེད་རྩིས་བཤེར་བྱས་ཏེ་སྲིད་ཇུས་དོན་འཁྱོལ་དང་བྱེད་སྒོའི་ཕན་འབྲས་སྔར་བས་འགན་ལེན་བྱ་རྒྱུ་དང་། སྲིད་གཞུང་གི་མ་དངུལ་བདེ་འཇགས་ངང་སྤྱོད་རྒྱུ་འགན་ལེན་བཅས་བྱས་ཏེ་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་གི་བསྡོམས་འབོར་དང་གྲོང་མིའི་འཛད་སྤྱོད་སྤུས་ཚད་མཐོ་རུ་གཏོང་བའི་སྤྱིའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-17 6 6 拉萨日报藏文 c182878.html 1 རང་གྲོང་གི་ཚོང་དོན་ཚན་པས་སྲིད་ཇུས་དོན་ཚན་8དོན་འཁྱོལ་བྱས་ནས་དཔལ་འབྱོར་དང་དམངས་འཚོར་ཕན་བཏཊ་པ། /enpproperty-->