分享按钮

(པར་ངོས་དང་པོར་མཐུད)དོན་འཁྱོལ་གནད་ལ་འཁེལ་བར་བྱེད་དགོས་པ་སྟེ། འགན་འཁྲིའི་ཚན་པ་ཁག་གིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལྟར་ཁྲིམས་དང་། དྲང་གཞག དྲང་བདེན་བཅས་ཀྱི་རྩ་དོན་གཞིར་བཟུང་ཇུས་གཞི་དོན་འཁྱོལ་ཞིབ་ཕྲ་བྱེད་དགོས་པ་དང་། དུས་བཀག་དང་། ཚད་གཞི། བརྒྱུད་རིམ་བཅས་གཅིག་གྱུར་བྱས་ཏེ་སྲིད་ཇུས་དང་བྱེད་ཐབས་ཇི་མ་ཇི་བཞིན་བསྒྲུབ་པ་དང་། མཁྲེཊ་འཛིན་གྱི་བསམ་བློ་མེད་པ།ནོར་འཛོལ་མི་འབྱུང་བ་བཅས་ལ་འགན་ལེན་ཏན་ཏིག་བྱེད་དགོས།

མ་དངུལ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་པ་སྟེ།འགན་འཁྲིའི་ཚན་པ་ཁག་གིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཁ་གསལ་བཟོས་པའི་སྲིད་ཇུས་དང་བྱེད་ཐབས་གཞིར་བཟུང་རིགས་དང་། དུས་རིམ། གོ་རིམ་བཅས་དབྱེ་ནས་ཁེ་ལས་ལ་རོགས་རམ་དང་དམངས་འཚོར་ཕན་པའི་མ་དངུལ་དུས་ཐོག་ཏུ་དོན་འཁྱོལ་བྱེད་དགོས་པ་དང་། རིམ་པ་ཁག་གི་ནོར་སྲིད་ཚན་ཁག་གིས་ནོར་ཤུགས་གཅིག་གྱུར་ཐོག་འཆར་འགོད་དང་།གཏོང་སྒོའི་གྲུབ་ཚུལ་ལེགས་སྒྲིག མ་དངུལ་ལ་འགན་སྲུང་ཡག་པོ་བཅས་བྱས་ཏེ་དཔལ་འབྱོར་ལ་སྐུལ་འདེད་དང་། དམངས་འཚོར་ཕན་པ།ཁེ་ལས་ལ་རོགས་རམ་བཅས་ཀྱི་སྲིད་ཇུས་མགྱོགས་མྱུར་ལོངས་སྤྱོད་ཐུབ་པར་བྱས་ནས་སྲིད་གཞུང་གི་དབང་གྲགས་མངོན་པར་བྱེད་དགོས། ནུས་པ་འདོན་སྤེལ་གནད་ལ་འཁེལ་བར་བྱེད་དགོས་པ་སྟེ།འགན་འཁྲིའི་ཚན་པ་ཁག་གིས་འགན་འཁྲི་འཁུར་སེམས་དང་དགོས་གཏུགས་གི་བསམ་བློ་ཟབ་ཏུ་བཏང་ནས་དུས་ཚོད་ལ་དམ་འཛིན་བྱས་ཏེ་སྲིད་ཇུས་ཀྱི་ཕན་འབྲས་ཆེ་ཤོས་ཡོང་བར་བརྩོན་ལེན་བྱེད་དགོས་པ་དང་།སྲིད་ཇུས་དང་བྱེད་ཐབས་ལ་དབྱེ་ཞིབ་དང་དཔྱད་དཔོག་བྱེད་ཤུགས་ཆེ་རུ་བཏང་ནས་ནོར་སྲིད་མ་དངུལ་དོན་ཐོག་ཏུ་འཁྱོལ་རྒྱུར་འགན་ལེན་ཏན་ཏིག་བྱས་ཏེ།དཔལ་འབྱོར་ལ་སྐུལ་འདེད་གཏོང་དགོས་ལ་ཐོན་སྐྱེད་ལ་སྐུལ་འདེད་ཀྱང་གཏོང་བའི་དམིགས་ཡུལ་མངོན་འགྱུར་ཡོང་བར་བྱེད་དགོས།

དྲིལ་བསྒྲགས་དང་གསལ་འགྲེལ་གནད་ལ་འཁེལ་བར་བྱེད་དགོས་པ་སྟེ། འགན་འཁྲིའི་ཚན་པ་ཁག་གིས་ཁྱབ་ཁོངས་དེ་གའི་སྲིད་ཇུས་དང་བྱེད་ཐབས་ལ་ཞིབ་འཇུག་གཏིང་ཟབ་དང་བསམ་གཞིགས་གང་ལེགས་བྱས་ཏེ་རང་འགུལ་ངང་ཕྱོགས་ཡོངས་ནས་གསལ་འགྲེལ་ཡག་པོ་བྱས་ཐོག་སྤྱི་ཚོགས་ཀྱི་དོཊ་པ་སེལ་དགོས་པ་དང་། དྲིལ་བསྒྲགས་ཚན་པས་སྨྱན་སྦྱོར་གསར་པ་སྤྱད་དེ་ཐབས་ལམ་མང་པོའི་ཐོག་ནས་སྲིད་ཇུས་དང་བྱེད་ཐབས་ཀྱི་དྲིལ་བསྒྲགས་ཡག་པོ་སྤེལ་དགོས་པ།ཁེ་ལས་དང་མང་ཚོགས་གདན་ཞུ་བྱས་ཏེ་གཏམ་བཤད་སྤེལ་དུ་བཅུག་ནས་དཔལ་འབྱོར་ལ་སྐུལ་འདེད་དང་།དམངས་འཚོར་ཕན་པ། ཁེ་ལས་ལ་རོཊ་རམ་བཅས་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་ཤེས་རྟོགས་བྱེད་ཚད་དང་དེའི་ནང་ཞུགས་ཚད་མཐོ་རུ་གཏོང་དགོས།

གྲོང་སྤྱི་གཞོན་པ་བཀྲ་ཤིས་དཔལ་སྒྲོན་དང་། ལུའུ་ཚུང་ཧྥུའུ། ཁོང་ཧུའེ།ཕན་ཝུན་ཆིང་། ཀའོ་ཅུན་བཅས་ཚོགས་འདུར་ཞུགས་ཡོད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-16 6 6 拉萨日报藏文 c182866.html 1 /enpproperty-->