分享按钮

གསར་གཏོད་ཀྱི་ཤེས་ལྡན་པ་གསོ་སྐྱོང་ཡག་པོ་བྱས་ནས་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་སྐྲུན་མགྱོགས་སུ་གཏོང་དགོས།

(པར་ངོས་དང་པོར་མཐུད)རྒྱལ་གཅེས་ཀྱི་བརྩེ་སེམས་དེ་རྒྱལ་ཁབ་ལ་ཞབས་འདེཊ་ཞུ་བའི་བྱ་སྤྱོད་ལ་འགྱུར་བར་བྱ་རྒྱུ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་སྐུལ་ལྕག་ནི་ང་ཚོ་ཕྱིར་ལོག་མི་སྣས་འབད་འཐབ་བྱེད་པའི་ཁ་ཕྱོགས་ཡིན།ང་ཚོས་ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་གཟི་བརྗིད་ཀྱི་སྲོལ་རྒྱུན་དར་སྤེལ་ཤུཊ་ཆེན་བཏང་སྟེ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལམ་བུའི་ཐོག་བསྐྱོད་རྒྱུ་དང་ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གནས་བབ་ལ་ཤུཊ་སྣོན་བརྒྱབ་ནས་གསར་གཏོད་ལས་གཏོད་པར་མདུན་ལམ་ཆེན་པོ་ལྡན་པའི་དུས་རབས་དེ་ཆུད་ཟོས་སུ་མི་འགྲོ་བ་བྱ་རྒྱུ་ཡིན་ཞེས་བཤད།

རྨང་གཞིའི་ཞིབ་འཇུག་ལ་ཤུཊ་སྣོན་རྒྱག་རྒྱུ་ནི་ཚན་རྩལ་རང་སྟོབས་རང་སྤེལ་གྱི་དགོས་ངེས་ཀྱི་བླང་བྱ་ཞིག་ཡིན། ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན་གྱི་སའི་གོ་ལ་དང་བར་སྣང་ཚན་རིག་སློབ་གླིང་གི་ཚོད་ལྟ་ཁང་ཞིག་ཏུ་ཞིབ་འཇུག་པས་ཟླ་བའི་གོ་ལའི་མ་དཔེ་ལ་དབྱེ་ཞིབ་ཞིབ་ཕྲ་བྱས་ནས་ཟླ་བའི་གོ་ལའི་འཕེལ་འགྱུར་གྱི་བརྒྱུད་རིམ་དང་སའི་གོ་ལའི་བར་གྱི་འབྲེལ་བ་འཚོལ་ཞིབ་བྱེད་བཞིན་ཡོད།

ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཧོང་ཧྥང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲིན་ལན་ནང་རིག་ཚན་སྣོལ་སྦྲེལ་དང་མདུན་གྲལ་གསར་གཏོད་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གསུངས་གནང་ཞིང་། ང་ཚོས་ཆུ་ཚད་མཐོ་བའི་ཞིབ་འཇུག་རྣམ་པའི་སློབ་ཆེན་གྱི་རྨང་གཞིའི་ཞིབ་འཇུག་གཏིང་ཟབ་དང་རིག་ཚན་སྣོལ་སྦྲེལ་མཉམ་འདྲེས་ཀྱི་ལེཊ་ཆ་འདོན་སྤེལ་བྱས་ཏེ་རྨང་གཞིའི་ཞིབ་འཇུག་གི་གཙོ་ཤུཊ་དམག་དང་ཚན་རྩལ་འགག་སྒྲོལ་གལ་ཆེན་གྱི་སྟོབས་ཤུཊ་གསར་པར་གྱུར་ནས་ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་མངོན་འགྱུར་ཡོང་བར་འགན་ལེན་ནུས་ལྡན་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བཤད།

ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་མངོན་འགྱུར་བྱེད་པར་མཐར་གཏུགས་ནས་བཤད་ན་ཆུ་ཚད་མཐོ་བའི་གསར་གཏོད་ཤེས་ལྡན་པར་བརྟེན་དགོས།

ཀྲེ་ཅང་དུ་ཞིང་ཆེན་ཡོངས་ཀྱི་ནུས་ཤུཊ་ལ་བརྟེན་ནས་གཏོད་པའི་ནུས་ཆེའི་ཚན་རྩལ་གསར་གཏོད་སྟེཊ་བུ་ཀྲི་ཅང་ཚོད་ལྟ་ཁང་གིས་ཉེ་ཆར་གཞོན་ནུ་ཤེས་ལྡན་པ་འདེམས་སྒྲུག་གི་འཆར་གཞི་ལག་བསྟར་བྱེད་འགོ་ཚུཊ་པ་དེའི་དམིཊ་ཡུལ་ནི་གཞོན་ནུ་ཚན་ཞིབ་རྐང་འཛིན་ལ་རང་བཞིན་ལྡན་པའི་འཚར་ལོངས་འཆར་གཞི་བཏོད་དེ་ཆུ་ཚད་མཐོ་བའི་སྣེ་ཁྲིད་ཤེས་ལྡན་པ་ཁག་གཅིག་སྐྱེད་སྲིང་བྱ་རྒྱུ་དེ་རེད།

ཀྲི་ཅང་ཚོད་ལྟ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཤིན་ལུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་ནང་ཤེས་ལྡན་མི་སྣ་རང་བདག་གསོ་སྐྱོང་བྱེད་སྟངས་མུ་མཐུད་འཚོལ་ཞིབ་དང་གསར་གཏོད་བྱ་རྒྱུའི་བླང་བྱ་བཏོན་པ་དེས་ང་ཚོར་སླད་ཕྱིན་གསར་གཏོད་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་ལས་ཀའི་ཐབས་ལམ་ཁ་གསལ་བཏོན་ཡོད་ཅེས་བཤད་པ་རེད།

པེ་ཅིང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་འཕྲུལ་ཆས་དང་རླངས་འཁོར་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཀྲོའུ་ཐེན་ཧྥེང་གིས་གཞོན་ནུ་ཚན་རྩལ་ལས་དོན་པས་རྒྱལ་ཁབ་ཀྱི་དོན་ཆེན་ལ་སེམས་ཁུར་དང་རྒྱལ་ཁབ་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གིས་ང་ཚོས་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་དམིགས་ཚད་དང་འཐབ་ཇུས་ལས་འགན་དང་འབྲེལ་མཐུད་བྱེད་ཤུཊ་ཆེ་རུ་བཏང་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་གསར་གཏོད་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་མ་ཟད།རྒྱལ་ཁབ་ལ་དྲིན་ལན་འཇལ་བ་དང་མི་དམངས་ལ་ཞབས་འདེཊ་ཞུ་རྒྱུ་དེ་རང་རྟོཊ་ཀྱི་དོན་གཉེར་དུ་བརྩིས་ནས་ཀུན་སྤྱོད་དང་མི་གསོ་སྐྱོང་རྒྱུན་འཁྱོངས་དང་ཚན་རྩལ་རང་སྟོབས་རང་སྤེལ་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་བཟང་པོ་སླར་ཡང་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད།

ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་མགྱོགས་མྱུར་བྱེད་པར་རྒྱ་ཆེའི་ཚན་རྩལ་ལས་ཀ་བྱེད་མཁན་རྣམས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་དགོས།

ཀྲུང་གོ་ཚན་རྩལ་མཐུན་ཚོཊ་ཚན་རིག་ལག་རྩལ་གསར་གཏོད་པུའི་པུའུ་ཀྲང་ལིའུ་ཤིང་ཕིང་གིས་ཀྲུང་གོ་ཚན་རྩལ་མཐུན་ཚོཊ་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཏང་དང་སྲིད་གཞུང་གིས་ཚན་རྩལ་ལས་དོན་པ་དང་འབྲེལ་བ་བྱེད་པའི་འགན་འཁྲི་ཕྲག་ཏུ་ཁུར་ནས་རྒྱ་ཆེའི་ཚན་རྩལ་ལས་དོན་པས་རྒྱལ་ཁབ་ཀྱི་དོན་ཆེན་ཡིད་ལ་འཆང་བ་དང་།མཐུན་སྒྲིལ་སྣེ་ཁྲིད་དང་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོར་དམིཊ་ཏེ་མིས་བཟོས་རིག་ནུས་སོཊ་རྩེར་སོན་ཚན་རྩལ་ཁྱབ་ཁོངས་སུ་རིག་གཞུང་སྟེཊ་བུ་རྩེ་གྲ་བསྐྲུན་ནས་ཤེས་ལྡན་མི་སྣའི་གསོན་ཤུཊ་མེས་རྒྱལ་གྱི་ས་གཞི་ཆེན་པོར་འདོན་སྤེལ་བྱ་རྒྱུར་སྐུལ་འདེད་བཏང་ཐོག་ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་ཡིན་ཞེས་བཤད།

གཞོན་ནུ་ཚན་རྩལ་ལས་དོན་པ་ནི་ཚན་རྩལ་གསར་གཏོད་ཀྱི་གཙོ་ཤུགས་དམག་ཡིན། ཉེ་ཆར་ཧོང་ཏ་ཉན་ཚན་ཞིབ་ཚོགས་པའི་ཁོངས་མི་ཅི་ལིན་སློབ་ཆེན་སའི་གོ་ལའི་འཚོལ་ཞིབ་ཚན་རིག་དང་ལག་རྩལ་སློབ་གླིང་གི་འབུམ་རམས་པའི་སློབ་མ་ལི་ཙུང་རུའེ་ཡིས་སའི་གོ་ལའི་གཏིང་ཟབ་སའི་འཚོལ་ཞིབ་དང་འབྲེལ་བ་ཡོད་པའི་མཉེན་ཆས་ཞིབ་འཇུག་གསར་སྤེལ་ལས་དོན་སྤེལ་བཞིན་ཡོད།

ལི་ཙུང་རུའེ་ཡིས་ཧོང་ཏ་ཉན་ཚན་ཞིབ་ཚོགས་པའི་ཁོངས་མི་ཞིག་ཡིན་པའི་ངོས་ནས་ངས་ཧོང་ཏ་ཉན་གྱི་སྙིང་སྟོབས་རྒྱུན་མཐུད་བྱས་ཏེ་ལྷག་བསམ་རྣམ་དག་གིས་རྒྱལ་ཁབ་ལ་ཞབས་འདེཊ་ཞུ་བའི་རྒྱལ་གཅེས་ཀྱི་བརྩེ་སེམས་རྟོཊ་པ་དང་ཚན་རིག་གི་ཕུགས་འདུན་བཅངས་བཞིན་གསར་གཏོད་ཀྱི་འདུན་པ་བཙུཊ་ཏེ་སའི་གོ་ལའི་གཏིང་ཟབ་སའི་འཚོལ་ཞིབ་ཁྱབ་ཁོངས་སུ་མུ་མཐུད་འགག་སྒྲོལ་དང་ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་མགྱོཊ་མྱུར་མངོན་འགྱུར་ཡོང་ཆེད་ལང་ཚོའི་སྟོབས་ཤུཊ་ལེཊ་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་13ཉིན་འབྱོར་བའི་གློག་འཕྲིན)(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-16 6 6 拉萨日报藏文 c182865.html 1 གསར་གཏོད་ཀྱི་ཤེས་ལྡན་པ་གསོ་སྐྱོང་ཡག་པོ་བྱས་ནས་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་སྐྲུན་མགྱོགས་སུ་གཏོང་དགོས། /enpproperty-->