分享按钮

འོད་སྟོང་ལྡན་པའི་བདེ་སྐྱིད་ཀྱི་ལམ་བུ།

(པར་ངོས་དང་པོར་མཐུད)མི་ཐེངས་230ལྷག་ཙམ་ལ་མེ་ཟོན་བདེ་འཇགས་ཞིབ་བཤེར་བྱས་པ། བྱང་བུ་ཐེངས་95བཟོས་པ། འགྲོ་འོང་བྱེད་མཁན་གྱི་རླངས་འཁོར་4000ལྷག་ཙམ་ལ་ཞིབ་བཤེར་བྱས་པ། འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱ་སྤྱོད་82ལ་ཞིབ་བཤེར་དང་ཐག་གཅོད་བཅས་བྱས་ཡོད།

ལྭ་བ་དཀར་པོར་བརྟེན་ནས་མང་ཚོགས་ལ་སྲུང་སྐྱོང་དང་དམངས་འཚོར་འགན་ལེན་ཤུགས་ཆེན་བྱས་ནས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོ་རུ་གཏོང་བ། གཞི་རིམ་གྱི་སྨན་དོན་པའི་ནུས་པ་འདོན་སྤེལ་གང་ལེགས་དང་ཁྱིམ་ཚང་གི་གན་རྒྱ་བཞག་པའི་སྨན་པ་ཡོངས་སུ་ཁྱབ་པའི་ལས་ཀའི་གོ་སྐབས་དམ་འཛིན་བྱས་ཏེ།རྟག་པར་ཁྱིམ་ཚང་དུ་བསྐྱོད་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་སྤེལ་བ་དང་དུས་མཚུངས་མང་ཚོགས་ཀྱི་སྨན་བཅོས་འཕྲོད་བསྟེན་ཐད་ཀྱི་རེ་འདུན་དང་གནད་དོན་ལ་ཉན་ནས་མགྱོགས་མྱུར་དབྱེ་ཞིབ་ཞིབ་འཇུག་དང་བརྡར་ཤ་གཅོད་པ་དང་ཐག་གཅོད་བྱ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། མིག་སྔའི་བར་གན་རྒྱ་བཞག་པའི་སྨན་བཅོས་ཞབས་ཞུའི་ཚོགས་པ་6ཁྱིམ་ཚང་དུ་ཐེངས་4བསྐྱོད་པ་དང་། སྨན་བཅོས་དམངས་འཚོའི་རེ་འདུན་ལ་ལན་ཐེངས་3བསློགས་པ། དོས་དྲག་ནད་པ་6ལ་སྨན་ཁང་བསྒྱུར་བའི་ལས་དོན་སྤེལ་བ། རིན་མེད་སྨན་བཅོས་ཐེངས་3བྱས་པ། སྒོ་འགྲམ་དུ་སྨན་བཅོས་བྱེད་པར་ཐེངས་3བསྐྱོད་པ། ཕྲུ་གུ་བཙས་རྗེས་དང་ཞག་སྡོད་ནད་པར་ཡར་བསྐྱར་བརྟག་དཔྱད་ཐེངས་36བྱས་པ། གཙོ་གནད་མི་ཚོགས་ཀྱི་ཁྱིམ་ཚང་དུ་བསྐྱོད་ནས་འཚམས་འདྲི་ཐེངས་648བྱས་པ། བདེ་ཐང་ཤེས་བྱའི་འཆད་ཁྲིད་ཐེངས་6བྱས་པ། སྒྲིག་འཛུགས་ལྟར་སློབ་གྲྭའི་ནང་བསྐྱོད་དེ་ལོ་13ནས་14བར་གྱི་སློབ་མ་22ལ་HPVརིམས་འགོག་སྨན་ཁབ་དང་པོ་བརྒྱབ་ཡོད།

མཉམ་སྐྲུན་དང་། མཉམ་སྐྱོང་། མཉམ་སྤྱོད་བཅས་ཀྱི་ལས་ཀའི་ལམ་སྲོལ་འཚོལ་ཞིབ་བྱ་རྒྱུ་དེ་དམ་འཛིན་བྱ་གཞིར་བཟུང་ནས་ཏང་ཡོན་གྱིས་གྲོང་མིའི་རང་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཏང་ཡོན་ལས་བྱེད་པའི་འཐབ་ས་མདུན་མའི་ལས་དོན་གྱི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ་གཞི་རིམ་བཅོས་སྐྱོང་མ་ལག་ཁྲོད་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་བྱེད་པའི་གནས་བབ་དང་མཇུག་མཐའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རྒྱ་ཆེའི་མང་ཚོགས་རྨང་གཞིར་བྱེད་པ་དང་། དྲ་མིག་ཚན་པར་བྱེད་པ། ཁང་པའི་རྒྱབ་མདུན་ཀུན་ཏུ་འགན་འཁྲིའི་ཁུལ་དབྱེ་རྒྱུ་བཅས་དམ་འཛིན་བྱ་གཞིར་བཟུང་ནས་དྲིལ་བསྒྲགས་ཀྱི་གསར་འགྱུར་དང་། རྒྱུན་གཏན་གྱི་ལྟ་སྐུལ་ཞིབ་བཤེར། དཔྱད་འདེམས་ལེགས་འདེམས་སོགས་ཀྱི་ལས་དོན་ལ་བརྟེན་ནས་གྲོང་རྡལ་དང་། གྲོང་ཚོ། དྲ་མིག ཚོགས་ཆུང་། དུད་སྦྲེལ་མཉམ་འབྲེལ་ཚན་པ་བཅས་རིམ་པ་ལྔའི་ལས་ཀའི་འགན་འཁྲི་དམ་དུ་བཏང་བ་དང་། གྲོང་ཚོའི་རྣམ་པ་བཅོས་སྐྱོང་དང་ཁོར་ཡུག་འཕྲོད་བསྟེན་སྲུང་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་རྒྱུར་རོགས་རམ་བྱས་ཡོད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-16 6 6 拉萨日报藏文 c182867.html 1 འོད་སྟོང་ལྡན་པའི་བདེ་སྐྱིད་ཀྱི་ལམ་བུ། /enpproperty-->