分享按钮

གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་གཙོ་གནད་ལས་འགན་ལ་སྐུལ་འདེད་གཏོང་བའི་ཚོཊ་འདུ་འཚོཊ་པ།

ཀྲང་ཏིང་ཁྲེང་ཚོགས་འདུར་ཕེབས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་14ཉིན། གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་གཙོ་གནད་ལས་འགན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་པ་རེད།

གྲོང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ཀྲང་ཏིང་ཁྲེང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཚོགས་འདུའི་ཐོག་རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་གཙོ་གནད་ལས་འགན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 2023ལོའི་ལྗོངས་ཡོངས་དང་གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས་ལ་བརྡ་ཁྱབ་བཏང་བ། གསང་ཡིབ་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའུ་དང་སྟོད་ལུང་བདེ་ཆེན་ཆུས་ཨུད་རྩ་འཛུགས་པུའུ་སོགས་ཚན་པ་6གིས་སྤེལ་རེས་གཏམ་བཤད་བྱས་པ་རེད།

ཀྲང་ཏིང་ཁྲེང་གིས་གཞི་རིམ་ཏང་རྩ་འཛུགས་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བསྟར་བའི“མཐའ་མའི་འགག་གནད”ཅིག་ཡིན་པས་གཞི་རིམ་དམ་འཛིན་དང་། རྨང་གཞི་བརྟན་གཏོང་། གཞི་རྩ་སྲ་བརྟན་བཅས་རྒྱུན་འཁྱོངས་ལྷོད་མེད་བྱས་ནས་གྲོང་གསེབ་དང་གྲོང་ཁྱེར་གྱི་གཡུལ་ས་ཆེན་པོ་གཉིས་གཅིག་གྱུར་གྱིས་དམ་འཛིན་ཡག་པོ་བྱ་དགོས་པ་དང་། རྒྱལ་ཁབ་ལ་དབང་བའི་ཁེ་ལས་དང་ལས་ཁུངས་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་གི་ལས་དོན་ལ་རིགས་དབྱེ་ནས་སྐུལ་འདེད་བཏང་སྟེ་གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས་པ། གཙོ་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དུ་བཏང་ནས་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ། གཞི་རིམ་ཏང་རྩ་འཛུགས་དེ་ཏང་གི་འགོ་ཁྲིད་ནུས་ལྡན་ངང་མངོན་འགྱུར་བྱེད་པའི་འཐབ་འཛིང་གི་བཙན་རྫོང་ལྟ་བུར་འཛུགས་སྐྱོང་བྱ་དགོས་ཞེས་གསུངས་པ་རེད།

ཀྲང་ཏིང་ཁྲེང་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་དམ་འཛིན་ཡག་པོ་བྱེད་པའི་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། དགོས་གཏུག་གི་བསམ་པ་བཅས་ཟབ་ཏུ་བཏང་ནས་གཙོ་གནད་ལས་འགན་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་ཏན་ཏིག་སྤེལ་ནས་ཏང་ཡོན་དཔུང་ཁག་འཛུཊ་སྐྱོང་ལ་དམ་འཛིན་ནན་པོ་བྱེད་པ་དང་། ཏང་འཛུཊ་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པ་སོགས་ཀྱི་ཐད་སེམས་རྣལ་དུ་ཕབ་པ་དང་། བརྩེ་སེམས་འཆང་བ། ཤུཊ་འདོན་པ་བཅས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་ཏང་འཛུཊ་སྐྱོང་ལས་དོན་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས་པ། ཚད་མཐོའི་རང་རྟོགས་ངང་འགན་འཁྲིའི་འདུ་ཤེས་དང་། འགན་འཁྲི་འཁུར་སེམས། འགན་འཁྲི་དོན་འཁྱོལ་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་དཀའ་གནད་ལས་སྒྲོལ་བ་དང་། ཞན་ཆ་གསབ་པ། བཀྲག་མདངས་འཚེར་ས་གཏོད་པ་བཅས་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་དགོས་པ། གཞི་རིམ་རྩ་འཛུགས་དང་། གཞི་རིམ་སྲིད་དབང་། གཞི་རིམ་བཅོས་སྐྱོང་བཅས་སྲ་བརྟན་དུ་བཏང་ནས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་གཙོ་གནད་ལས་འགན་ལེགས་པར་སྒྲུབ་པའི་མཉམ་ཤུགས་ཆེན་པོ་ཆཊ་པར་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-16 ཀྲང་ཏིང་ཁྲེང་ཚོགས་འདུར་ཕེབས་པ། 6 6 拉萨日报藏文 c182863.html 1 གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་གཙོ་གནད་ལས་འགན་ལ་སྐུལ་འདེད་གཏོང་བའི་ཚོཊ་འདུ་འཚོཊ་པ། /enpproperty-->