ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་13ཉིན་གྱི་ཕྱི་དྲོ། གྲོང་ཁྱེར་ཐད་གཏོཊ་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཁོངས་གཏོཊ་ཀྱིས“རྩོམ་སྲོལ་ལ་དམ་འཛིན་དང་། སྤྱོད་ཚུལ་ལེཊ་སུ་གཏོང་བ། སྟོབས་ཤུགས་བཞི་ཤུགས་ཆེར་གཏོང་བ”བཅས་ཀྱི་ལས་དོན་སྐུལ་སློང་ཚོགས་འདུ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་ཏང་གི་སློབ་ཚན་འཚོགས་པ་རེད།
གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཝང་ཧུའེ་ཚོགས་འདུར་ཞུགས་པ་དང་འབྲེལ་ཆེད་དོན་ཏང་གི་སློབ་ཚན་ཡང་ཁྲིད་གནང་བ་རེད།
ཚོགས་འདུའི་ཐོག་སྤྱོད་ཚུལ་འཛུགས་སྐྱོང་སྐོར་གྱི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་གནད་བསྡུས་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱོད་ཚུལ་སྔར་བས་ལེགས་སུ་བཏང་ནས་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ། ཧྲུའུ་ཅི་ཤའོ་ཡིའུ་ཚའེ་གྲོང་ཨུད་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)2024ལོའི་དཔྱིད་དུས་སློབ་དུས་ཀྱི་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་དང་འབྲེལ“སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི”གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ། གྲོང་ཁྱེར་ཐད་གཏོགས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཁོངས་གཏོགས་ཀྱི“རྩོམ་སྲོལ་ལ་དམ་འཛིན་དང་། སྤྱོད་ཚུལ་ལེགས་སུ་གཏོང་བ། སྟོབས་ཤུགས་བཞི་ཤུགས་ཆེར་གཏོང་བ”བཅས་ཀྱི་ལས་དོན་ལ་བཀོད་སྒྲིག་ཞིབ་ཕྲ་གནང་བ་རེད།
ཚོགས་འདུའི་ཐོག དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཁོངས་གཏོགས་ཀྱི་རྩོམ་སྲོལ་དེ་ཕྱོགས་གཅིག་ནས་གྲོང་ཨུད་དང་འབྲེལ་བ་ཡོད་པ་དང་ཕྱོགས་གཞན་ཞིག་ནས་མང་ཚོགས་དང་འབྲེལ་བ་ཡོད། རྩོམ་སྲོལ་གྱི་རྒྱབ་ཏུ་སྤྱོད་ཚུལ་ཡིན་པས་ཏང་སྲོལ་དང་། དཔུང་ཁག་གི་བྱང་ཚད། ལས་བྱེད་པའི་ནུས་པ་བཅས་མཚོན་གྱི་ཡོད། མིག་སྔར་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་དུས་སྐབས་ཡིན་པས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་བརྒྱུད་དེ“རྩོམ་སྲོལ་ལ་དམ་འཛིན་དང་། སྤྱོད་ཚུལ་ལེགས་སུ་གཏོང་བ། སྟོབས་ཤུགས་བཞི་ཤུགས་ཆེར་གཏོང་བ”བཅས་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།
ཚོགས་འདུའི་ཐོག་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཁོངས་གཏོགས་ཀྱི་འགོ་ཁྲིད་ལས་བྱེད་པས་གོང་འོག་སྣེ་ཁྲིད་དང་མིག་དཔེ་བཟང་པོ་བསྟན་ཏེ་སྡེ་ཚན་དེ་གའི་རྩོམ་སྲོལ་དང་སྤྱོད་ཚུལ་སྒྲིག་ཁྲིམས་ཐད་གནས་པའི་མངོན་གསལ་དོད་པའི་གནད་དོན་འཚོལ་ཞིབ་གཏིང་ཟབ་བྱས་ནས་དག་ཐེར་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། ཏང་ཡོན་ལས་བྱེད་པས་ཡུལ་བབ་དང་མཐུན་པ་དང་། ལས་ཕྱོད་ཆེ་བ། མི་སེམས་འགུལ་བ་བཅས་ཀྱི་བྱ་སྤྱོད་ཐོག་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
གྲོང་ཁྱེར་ཐད་གཏོགས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཁོངས་གཏོགས་ཀྱི་ཚན་པའི་ཁོངས་མི་དང་དེ་བཞིན་ཁོའོ་རིམ་པ་གཞོན་པ་དང་འབྲིང་རིམ་གོ་མིང(འབྲིང་རིམ་ཚུད་པ)ཡན་གྱི་ལས་བྱེད་པ་ཚང་མ་ཚོགས་འདུར་ཞུགས་ཡོད་པ་རེད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社