分享按钮

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱས་ཚུལ་གྱི་ཆེད་དོན་བརྟག་ཞིབ་ཚོགས་ཆུང་གིས་རང་གྲོང་དུ་བརྟག་ཞིབ་གནང་བ་དང་འབྲེལ་བཞུགས་མོལ་ཡང་གནང་བ།

ཟླ་བས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་11ཉིན་ནས་ཚེས་14ཉིན་གྱི་སྔ་དྲོའི་བར་ཡུལ་དངོས་སུ་བརྟག་ཞིབ་བྱས་རྗེས།རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱས་ཚུལ་གྱི་ཆེད་དོན་བརྟག་ཞིབ་ཚོགས་ཆུང་གིས་ཚེས་14ཉིན་གྱི་ཕྱི་དྲོར་རང་གྲོང་དུ་བཞུགས་མོལ་བྱས་ནས་སྙན་ཞུ་གསན་པ་དང་འབྲེལ་འབྲེལ་ཡོད་གནད་དོན་ཐད་བསམ་འཆར་བརྗེ་རེས་ཀྱང་གནང་བ་རེད།

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཟླ་བས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

བཞུགས་མོལ་ཚོགས་འདུའི་ཐོག བརྟག་ཞིབ་ཚོགས་ཆུང་གིས་ལྷ་ས་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལས་དོན་སྤེལ་བའི་གནས་ཚུལ་སྐོར་གྱི་གྲོང་ཁྱེར་སྲིད་གཞུང་གི་སྙན་ཞུ་དང་དེ་བཞིན་གྲོང་ཁྱེར་ཐད་གཏོགས་འབྲེལ་ཡོད་ཚན་པའི་ཚོགས་ཞུགས་མི་སྣའི་ཁ་གསབ་སྙན་ཞུ་ཉན་རྗེས།དྲི་བ་འདོན་པའི་རྣམ་པའི་ཐོག་ནས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་མཁན་གྱི་དོ་དམ་དང་མངོན་མིན་རིག་གནས་ཤུལ་བཞག་གི་དཔྱད་ཞིབ་ཚད་འབེབས་སོགས་ཞིབ་ཕྲའི་གནད་དོན་ལ་ཤེས་རྟོགས་གཏིང་ཟབ་བྱས་པ་རེད། མཇུག་ཏུ་བརྟག་ཞིབ་ཚོགས་ཆུང་གིས་རང་གྲོང་གི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལས་དོན་ཐད་སྤྱད་པའི་བྱེད་ཐབས་དང་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་བརྟག་ཞིབ་ཁྲོད་ཤེས་རྟོགས་བྱུང་བའི་ཞན་ཆར་དམིགས་ནས་ལེགས་སུ་གཏོང་རྒྱུའི་གྲོས་འགོ་བཏོན་པ་རེད། དུས་མཚུངས་སུ་སླད་ཕྱིན་རང་གྲོང་གིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་རང་བཞིན་གྱི་བསམ་འཆར་དང་གྲོས་འགོ་བཏོན་ཡོད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-16 ཟླ་བས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ། 6 6 拉萨日报藏文 c182861.html 1 རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱས་ཚུལ་གྱི་ཆེད་དོན་བརྟག་ཞིབ་ཚོགས་ཆུང་གིས་རང་གྲོང་དུ་བརྟག་ཞིབ་གནང་བ་དང་འབྲེལ་བཞུགས་མོལ་ཡང་གནང་བ། /enpproperty-->