(པར་ངོས་དང་པོར་མཐུད)འབྱོར་མེད་གྲལ་རིམ་སྲིད་ཏང་གི་སྔོན་ཐོན་རང་བཞིན་དང་འཐབ་ནུས་རྒྱུན་འཁྱོངས་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ནས་འགོ་བཙུགས་ཏེ་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་གི་གལ་ཆེའི་རང་བཞིན་ལ་ངོས་འཛིན་བྱེད་ཤུཊ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། གོ་བ་གཏིང་ཟབ་ལེན་པ། ཚུཊ་གནས་མཐོ་རུ་གཏོང་བ་བཅས་མཐའ་འཁྱོངས་ཀྱིས་ཏང་གི་ཚོཊ་ཆེན་བཅོ་བརྒྱད་པ་འཚོཊ་ཚུན་གྱི་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་སྐོར་གྱི་ཕུན་སུམ་ཚོགས་པའི་ནང་དོན་དང་ཐོབ་པའི་གྲུབ་འབྲས་ལ་གོ་བ་གཏིང་ཟབ་ལེན་དགོས་པ་དང་། དམིགས་ཚད་སྣེ་ཁྲིད་མཐའ་འཁྱོངས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བའི་གཙོ་གནད་ལས་འགན་ཁོང་དུ་ཆུད་པར་བྱས་པ་དང་སྦྲགས། དོན་དངོས་ལ་གཞི་ཚུགས་ནས་ཇི་ལྟར་བྱས་ཏེ་སྲིད་གྲོས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུའི་ཐད་གསོན་ཉམས་དོད་ལ་ངོ་མཚར་ཆེ་བའི་ཆེད་དོན་ཏང་གི་སློབ་ཚན་ཞིག་ཀྱང་འཚོགས་པ་རེད། ཆེད་དོན་ཏང་གི་སློབ་ཚན་གྱི་གཙོ་དོན་མངོན་གསལ་དོད་པ་དང་། གཙོ་གནད་མངོན་གསལ་དོད་པ།ནང་དོན་ཕུན་སུམ་ཚོགས་པ།མཛུབ་ཁྲིད་རང་བཞིན་ཆེ་བ་བཅས་ཡིན་པས་གྲོང་ཁྱེར་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱི་མིག་སྔ་དང་སླད་ཕྱིན་གྱི་དུས་སྐབས་ཤིག་རིང་གི་ལས་དོན་དང་།ལྷག་པར་དུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་མཛུབ་ཁྲིད་ཀྱི་དོན་སྙིང་ཆེན་པོ་ལྡན་ཡོད་པ་རེད།
འཇམ་དབྱངས་བློ་གྲོས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བཟུང་ནས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་།ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་གི་གཞི་རྩའི་བླང་བྱ་ཁོང་དུ་ཆུད་པར་བྱེད་པ།ཏང་གི་སྒྲིག་ཡིག་དང་ཏང་སྲོལ་ཏང་ཁྲིམས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། ཏང་སྲོལ་ལྟར་སྲིད་དོན་གཙང་སྐྱོང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བཅས་ཀྱི་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པར་བྱེད་དགོས་པ་དང་། བོད་ལྟ་བུའི་དམིགས་བསལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་གྱིས་སྒྲིག་ཁྲིམས་སློབ་གསོ་རྒྱུན་རྣམ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་གལ་འགངས་ཤིན་ཏུ་ཆེ་བའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱ་རྒྱུ་ནི་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དོན་འཁྱོལ་ནན་ཏན་བྱེད་པའི་འགན་ལེན་གལ་ཆེན་ཞིག་དང“དུས་ལྔ་མཉམ་འཁེལ”གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གསར་པར་ཁ་གཏད་ནུས་ལྡན་གཅོག་པ་དང་། བྱ་སྤྱོད་ངོ་མའི་ཐོག་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་འགན་ལེན་བྱེད་དགོས་པ། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བའི་གལ་འགངས་ཤིན་ཏུ་ཆེ་བའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་སྲིད་གྲོས་རིགས་ཁོངས་ཀྱི་ཏང་ཡོན་ཨུ་ཡོན་ལ་ལས་ཀའི་སྒྲིག་ཁྲིམས་ནན་པོ་དང་ཏན་ཏིག་གི་ལས་ཀའི་སྤྱོད་ཚུལ་དང་ཉམས་སད་ཐེག་ཐུབ་པའི་འགན་སྒྲུབ་ནུས་པར་བརྟེན་ནས“དོན་ཆེན་བཞི”ལ་དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་བརྒྱབ་སྟེ“མདུན་གྲལ་དུ་སླེབས་པ་བཞི”དང“གདོང་དམག་བདུན”ཡག་པོ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱ་ཆེད་སྲིད་གྲོས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་བླང་བྱ་བཏོན་པ་རེད།
གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ལེང་དང་། ལུའུ་ཝེ་ཧྲེང་། དེ་བཞིན་གྲོང་ཁྱེར་སྲིད་གྲོས་ཀྱི་ལས་འཁྱུར་ངལ་གསོ་རྒྱག་མཁན་ས་ཁུལ་རིམ་པའི་ལས་བྱེད་པ་དང་།རིགས་ཁོངས་ཁག་གཅིག་གི་ཏང་ཡོན་ཨུ་ཡོན། རྫོང(ཆུས)ཁག་གི་སྲིད་གྲོས་ཀྱི་འགོ་ཁྲིད་བློ་མཐུན་གཙོ་བོ་དང་གྲོང་ཁྱེར་སྲིད་གྲོས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་སློབ་ཚན་ལ་ཉན་པ་རེད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社