(པར་ངོས་དང་པོར་མཐུད)དྲི་བར་ལན་འདེབས་པ་བཅས་བྱས་པས་ཤེས་བྱ་མང་དག་ཅིག་ཤེས་བྱུང་ཞེས་བཤད།
ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་དགེ་རྒན་ལི་ཞོན་ཨང་གིས་ང་ཚོ་དང་པེ་ཅིང་གྲོང་ཁྱེར་ཧྲུན་དབྱི་ཆུས་མ་ཕོ་ལྟེ་བའི་སློབ་ཆུང་གི་དགེ་རྒན་དང་ཕྲུ་གུ་ཚོར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་ཆེད་དུ་ཇུས་འགོད་བྱས་པའི་དབྱིན་ཡིག་སློབ་ཚན་ཞིག་འཚོགས་སོང་། ཀྲུང་ཧྭའི་རིག་གནས་ལ་སློབ་སྦྱོང་བྱེད་པ་དང་ཆབས་ཅིག་པེ་ཅིང་དང་ལྷ་སའི་རིག་གནས་ཀྱི་ཁྱད་པར་ཡང་ཤེས་རྟོགས་བྱུང་བས་ཕན་པ་མི་ཉུང་བ་ཞིག་བྱུང་ཞེས་བཤད།
ད་ཐེངས་ཀྱི་བྱེད་སྒོ་བདེ་བླག་ངང་སྤེལ་བ་དེས་ཅིང་བོད་ས་ཁུལ་གཉིས་ཀྱི་སློབ་གསོ་སྤེལ་རེས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་མཚོན་པ་མ་ཟད། ས་ཁུལ་གཉིས་ཀྱི་དགེ་སློབ་ཚོར་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་སྟེགས་བུ་ཞིག་ཀྱང་བཏོད་ཡོད། ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གིས་བོད་སྐྱོར་ཐོན་ཁུངས་ཀྱི་ལེགས་ཆ་སྤྱད་དེ་པེ་ཅིང་སློབ་གྲྭ་དང་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་སློབ་གསོའི་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་བཏང་ཐོག་ཀྲུང་ཧྭ་མི་རིགས་ཀྱི་སློབ་གསོའི་བྱ་གཞག་ལ་གསོན་ཤུགས་དང་རེ་བ་གསར་པ་བསྣན་རྒྱུ་ཡིན་པ་རེད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社