དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་ནས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་གཏིང་ཟབ་ཏུ་གཏོང་བའི་ཐད་མུ་མཐུད་སྐུལ་འདེད་གཏོང་ཆེད། སྟོད་ལུང་བདེ་ཆེན་ཆུས་དམར་གྲོང་རྡལ་གྱིས་འཚོལ་ཞིབ་གཏིང་ཟབ་བྱེད་ཚད་རིམ་སྤོར་བྱས་ནས་ཁོར་ཡུག་འཕྲོད་བསྟེན་གྱི་ལས་བཟོ་པ་སྐུལ་སློང་གང་ལེགས་བྱས་པའི་རྨང་གཞིའི་ཐོག་སྤྱི་ཚོགས་ལས་རིགས་ཁག་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་མ་ལག་ནང་ཞུགས་སུ་བཅུག་ནས་གཞི་རིམ་འཕེལ་རྒྱས་ཕྱུག་འགྱུར་དང་ཞི་མཐུན་བརྟན་ལྷིང་གི་ལམ་བུ་འོད་སྟོང་ལྡན་པ་ཞིག་ཏུ་འགྱུར་བར་བྱ་རྒྱུ་ཡིན་པ་རེད།
ལམ་སྟོན་སྒྲོན་མེས་ཁ་ཕྱོགས་ལ་ཁྲིད་སྟོན་བྱས་ཏེ་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་གི་ལས་དོན་ལ་སྣེ་ཁྲིད་བྱེད་པའི་བླང་བྱ་དོན་འཁྱོལ་བྱས་ཤིང་། “རྟ་མཆོག་གཅིག་གིས་སྣེ་ཁྲིད། ལྷག་བསམ་གཙང་མས་དམངས་དོན་སྒྲུབ”ཅེས་པ་ལྟར་ཏང་འཛུགས་སྐྱོང་གི་སྤུས་རྟགས་གསར་གཏོད་ལས་དོན་ལ་བརྟེན་ནས་གྲོང་རྡལ་གྱི་ཏང་ཨུད་དང་གྲོང་ཚོའི་ཏང་གི་སྤྱི་ཁྱབ་ཀྲི་པུའི་སྣེ་ཁྲིད་ལ་བརྟེན་ནས་མཉམ་འབྲེལ་གྲོས་ཚོགས་ཀྱི་ལམ་ལུགས་འཐུས་ཚང་དུ་བཏང་ནས་གཞི་རིམ་བཅོས་སྐྱོང་གི་འབྲེལ་ཡོད་ལས་དོན་དུས་བཀག་ལྟར་བཀོད་སྒྲིག་དང་། 《དམར་གྲོང་རྡལ་གྱི་འཚོལ་ཞིབ་ལས་དོན་གྱི་ཇུས་གཞི(ཚོད་ལྟ)》འཛུགས་པ་དང་འཐུས་ཚང་དུ་གཏོང་བ། གཞི་རིམ་བཅོས་སྐྱོང་གི་ཕན་ནུས་གཏིང་ཟབ་ཏུ་གཏོང་བའི་ལས་དོན་ཚོགས་འདུ་འཚོགས་ནས་ཕུལ་བྱུང་གི་འཚོལ་ཞིབ་ཐད་གཟེངས་བསྟོད་བྱེད་པ་དང་འབྲེལ་བྱ་དགའ་དང་གསབ་དངུལ་སྤྲོད་རྒྱུ་དོན་འཁྱོལ་བྱས་ཐོག་དྲང་ཕྱོགས་ཀྱི་སྐུལ་ལྕག་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་པ། དུས་མཚུངས་སུ་གྲོང་རྡལ་ཏང་ཨུ་ལྷན་དང་སྲིད་གཞུང་གི་ཚོགས་འདུ་འཚོགས་སྐབས་ཏང་ཡོན་གྱི་འཐུས་མི་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྲིད་གྲོས་ཨུ་ཡོན་དང་མང་ཚོགས་ཀྱི་འཐུས་མི་བཅས་ཚོགས་འདུར་ཟུར་ཞུགས་བྱ་རྒྱུར་གདན་དྲངས་ནས་དམངས་ལ་ཐབས་ཇུས་འདྲི་རྒྱུ་ཏན་ཏིག་ཐུབ་པ་བྱུང་ཡོད།
འཚོལ་ཞིབ་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་གཏིང་ཟབ་ཏུ་བཏང་བ། དེ་ཡང་ཁོངས་གཏོགས་ཁུལ་གྱི་ཁོར་ཡུག་འཕྲོད་བསྟེན་ལས་བཟོ་བ་67ཡོད་པ་དེ་རྣམས་མི་དང་། ས་ཆ། བྱ་བ། དངོས་པོ། གནས་ཚུལ་བཅས་ལ་རྒྱུས་མངའ་ཆེ་ཞིང་ལེགས་ཆ་ལྡན་པ་གོ་སྐབས་སུ་བཟུང་ནས་སྲང་ལམ་གང་སར་མྱུལ་བ་དང་། མིག་གིས་གང་སར་ལྟ་བ། རྣ་བས་གང་སར་ཉན་པའི“སོ་ལྟའི”ནུས་པ་འདོན་སྤེལ་བྱས་པ། ནམ་རྒྱུན་གྱི་ཁོར་ཡུག་འཕྲོད་བསྟེན་ལས་བཟོ་བའི་ལས་དོན་སྤེལ་བ་དང་དུས་མཚུངས་ཁོར་ཡུག་བཅོས་སྒྲིག་དང་། འགྲོ་ལམ་བདེ་འཇགས། སྒྲིག་བཀོད་ལ་གཏོར་སྐྱོན་ཕོག་པ། གད་སྙིགས་གང་བྱུང་དུ་སྤུངས་པ། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་འདུན། འགལ་བ་དང་རྩོད་གཞི་སོགས་ཀྱི་ཐད་གནས་པའི་གནད་དོན་མངོན་གསལ་དོད་པོས་དུས་ཐོག་ཏུ་ཤེས་རྟོགས་དང་། ཐག་གཅོད་དང་སྙན་སེང་ཞུ་བ། དོན་དག་ཆུང་ཆུང་མི་ཐོན་པ་དང་། དོན་དག་འབྲིང་ཙམ་གྲོང་ཚོ་ནས་ཐག་གཅོད་པ། དོན་ཆེན་གྲོང་རྡལ་ནས་ཐག་གཅོད་ཐུབ་པ་བཅས་བྱས་ཡོད། མིག་སྔའི་བར་ཁོར་ཡུག་འཕྲོད་བསྟེན་དང་། འགྲོ་ལམ་བདེ་འཇགས། གད་སྙིགས་གང་བྱུང་དུ་སྤུངས་པ་སོགས་དང་འབྲེལ་བ་ཡོད་པའི་ནུས་ལྡན་ཆ་འཕྲིན་དོན་ཚན་22བསྡུ་རུབ་བྱས་པ་དང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་5ལ་ཞིབ་བཤེར་ཐུབ་པ། འགལ་བ་དང་རྩོད་གཞི་6ཐག་གཅོད་ཐུབ་ཡོད་པ་རེད།
“ཉེན་ཟོན་གློག་སྔོན”ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་ཐུབ་པར་བྱས་ཏེ“དུས་བདེའི་དམར་གྲོང་རྡལ”འཛུགས་གཏོད་ཀྱི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། གྲོང་རྡལ་ཏང་ཨུད་དང་གྲོང་ཚོའི“ཨུ་ལྷན་གཉིས”ལ་བརྟེན་ནས་ལས་དོན་མཉམ་འགུལ་དང་། གནད་དོན་མཉམ་བཅོས། བདེ་འཇགས་མཉམ་གཏོད་བཅས་ལ་སྐུལ་འདེད་བཏང་སྟེ། “ཏང་འཛུགས་སྐྱོང་གི་སྦྲེལ་ཐག”དང་། “ཞབས་ཞུའི་སྦྲེལ་ཐག” “དྲ་མིག་གི་སྦྲེལ་ཐག” “བཅོས་སྐྱོང་གི་སྦྲེལ་ཐག”སོགས་སྦྲེལ་ཐག་མང་པོ་མཉམ་འདྲེས་མངོན་འགྱུར་བྱས་ཏེ་རྩ་འཛུགས་གཞི་རིམ་དུ་འཛུགས་པ་དང་། ཐོན་ཁུངས་གཞི་རིམ་དུ་གཅིག་སྡུད་བྱེད་པ། དཀའ་གནད་གཞི་རིམ་དུ་སེལ་བར་སྐུལ་འདེད་བཏང་བ། “ཉིན་མོ་ཉེན་རྟོག་པ་མཐོང་བ་དང་། དགོང་མོར་ཉེན་ཟོན་གློག་མཐོང་བ”ཞེས་པའི་ལས་ཀའི་རྣམ་པ་སྤྱད་དེ་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། འགྲོ་སྐྱོད་མི་འབོར་དོ་དམ། མི་སྣ་གཙོ་གནད་དོ་དམ་ཚོད་འཛིན་དང་། འགལ་བ་དང་རྩོད་གཞི་འདུམ་འགྲིག་སོགས་ཀྱི་ལས་ཀའི་ཐད་ཐབས་ཤེས་བཙལ་ནས་གོ་ཆོད་པའི་བྱ་ཐབས་དངོས་འདོན་པ། ད་ལོ་ནས་བཟུང་། མི་དམངས་ཀྱི་ལས་རོགས་ཉེན་རྟོག་པ་དང་། འགྲོ་ལམ་ཁ་ཏ་པ། འཕྲལ་སྡོམ་ཁྲུའུ་རུ་ཁག་བཅས་མི་ཐེངས་150ལྷག་ཙམ་བཏང་ནས་འགྲོ་འོང་མི་འབོར་མི་ཐེངས་420ལྷག་ཙམ་ལ་གཙང་བཤེར་བྱས་པ་དང་།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社