ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་14ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་དཔལ་འབྱོར་ལ་སྐུལ་འདེད་དང་།དམངས་འཚོར་ཕན་པ། ཁེ་ལས་ལ་རོགས་རམ་བྱེད་པའི་སྲིད་ཇུས་དོན་ཚན་8བཅས་དོན་འཁྱོལ་བྱས་ཚུལ་གསན་པ་དང་། དུས་བབ་ལ་དབྱེ་ཞིབ་བྱས་ནས་དུས་མཚམས་རྗེས་མའི་དཔལ་འབྱོར་འཁོར་སྐྱོད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་ཁྲེན་ཅིང་ཚོགས་འདུར་ཕེབས་ཡོད།
ཝང་ཆང་གིས་བསྟན་དོན།མིག་སྔ་ནི་དཔལ་འབྱོར་ལ་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་དང་རྫོགས་ལྡན་དུས་སྐབས་ཡིན་ལ་འགག་སྒྲོལ་དུས་སྐབས་ཀྱང་ཡིན་པས་ལོ་ཧྲིལ་པོའི་དཔལ་འབྱོར་འཕེལ་ཕྱོགས་ལ་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་གྱི་ཡོད། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློ་གཅིག་གྱུར་དང་ཡིད་ཆེས་བརྟན་དུ་བཏང་ནས་དམིཊ་ཚད་དང་ལས་འགན་གཏན་འཁེལ་དང་། བྱ་ཐབས་ནུས་ལྡན་དོན་འཁྱོལ་བྱས་ཏེ་དཔལ་འབྱོར་འཁོར་སྐྱོད་ཀྱི་དུས་ཚོད་དང་ལས་འགན་གཉིས་ཕྱེད་ཀ་ལས་བརྒལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།
ཝང་ཆང་གིས་ནན་གསུངས་གནང་དོན། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་ཁེ་ལས་བརྟན་པོའི་ངང་བསྐྱར་འཕར་དང་བརྟན་པོའི་ཁྲོད་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་བཀོད་སྒྲིག་རབ་དང་རིམ་པ་བྱས་པ་དང་། བྱ་ཐབས་ནུས་ལྡན་རབ་དང་རིམ་པ་ཁ་གསལ་དུ་བཏང་བ། དཔལ་འབྱོར་ལ་སྐུལ་འདེད་དང་།དམངས་འཚོར་ཕན་པ།ཁེ་ལས་ལ་རོགས་རམ་བྱེད་པའི་སྲིད་ཇུས་རབ་དང་རིམ་པ་བཟོས་པ་བཅས་ཀྱི་འགག་རྩ་ནི་གནད་ལ་འཁེལ་བའི་སྒོ་ནས་དོན་འཁྱོལ་དང་ཕན་འབྲས་ཐོན་པར་བྱ་རྒྱུ་དེ་རེད། (པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社