ཟླ་6ཚེས་11ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་དང་ཆིང་ཧྭ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཡའོ་ཆི་ཀྲི་ལ་འཕྲིན་ལན་སྤྲིངས་ནས་ཁོང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་སྦྲགས་ཁོང་ལ་ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་དང་སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་དང་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་སྐུལ་ལྕག་གནང་བ་རེད།
འཕྲིན་ལན་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡོན་ཧྲི་ཡའོ་ཆི་ཀྲི་དང་རྒྱ་ཆེའི་ཚན་རྩལ་དང་སློབ་གསོའི་ལས་དོན་པར་ཐུགས་ཁུར་ཟབ་མོ་དང་རེ་བ་ཟབ་མོ་བཅངས་གནང་བ་མཚོན་ཡོད། ཚང་མས་ཐོག་མའི་བསམ་འདུན་དང་ལས་འགན་བརྟན་སྲུང་བྱས་ནས་གསར་གཏོད་ཀྱི་ཤེས་ལྡན་པ་གསོ་སྐྱོང་གང་ལེགས་བྱས་ཏེ་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་སྐྲུན་མགྱོགས་སུ་བཏང་ནས་ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱས་ཡོད་ཅེས་གསུངས་པ་རེད།
མི་རིང་བའི་གོང་ཆིང་ཧྭ་སློབ་ཆེན་གྱིས་མིས་བཟོས་རིག་ནུས་སློབ་གླིང་བཙུགས་པ་དང་ཡའོ་ཆི་ཀྲི་ཡོན་ཀྲང་དང་པོར་གྱུར་ཡོད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས་རྒྱལ་ནང་དུ་ལོག་ནས་དགེ་རྒན་བྱས་ནས་ལོ་ངོ་20རིང་ཤེས་ལྡན་པ་གསོ་སྐྱོང་དང་ཚན་ཞིབ་གསར་གཏོད་སོགས་ཀྱི་གནས་ཚུལ་སྙན་སེང་ཞུས་པ་དང་ཚན་རྩལ་གྱིས་རྒྱལ་ཁབ་ལ་ཞབས་འདེགས་ཞུ་རྒྱུ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུའི་ཆོད་སེམས་མཚོན་པར་གནང་བ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་འབྱོར་རྗེས་ཡའོ་ཆི་ཀྲི་ལ་སེམས་འགུལ་ཆེན་པོ་ཐེབས་ཤིང་། ཁོང་གིས་རྒྱལ་ནང་དུ་ལོག་ནས་ལོ་ངོ་20སོང་རིང་། ངས་རང་ཡུལ་དུ་ལོག་ནས་མེས་རྒྱལ་འཛུགས་སྐྲུན་བྱེད་པའི་ཐོག་མའི་ལས་འགན་དེ་བརྗེད་མྱོང་མེད། སྤྱི་ཁྱབ་ཧྲུའུ་ཅིས་ཁས་ལེན་དང་སྐུལ་ལྕག་གནང་བ་ལས་ཕྲག་ཐོག་གི་ཁུར་པོ་དེ་བས་ལྕི་རུ་ཕྱིན་སོང་། ངས་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་ལྟར་ཚོགས་པའི་སྣེ་ཁྲིད་དེ་ཤེས་ལྡན་པ་རང་བདག་གསོ་སྐྱོང་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས་རྩིས་འཁོར་རིག་ཚན་འཕེལ་རྒྱས་དང་རིག་ཚན་སྣོལ་སྦྲེལ་གསར་གཏོད་ལ་སྐུལ་འདེད་བཏང་ནས་ནུས་ཤུགས་ཡོད་རྒུས་ཆུ་ཚད་མཐོ་བའི་ཤེས་ལྡན་པའི་འགྲན་རྩོད་ལེགས་ཆ་འཛུགས་རྒྱུ་ཡིན་ཞེས་བཤད།
ཤིས་ཨན་འགྲིམ་འགྲུལ་སློབ་ཆེན་ཚེ་སྲོག་ཚན་རིག་དང་ལག་རྩལ་སློབ་གླིང་གི་ཡོན་ཀྲང་ཞུས་ཧྥེང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡོན་ཧྲི་ཡའོ་ཆི་ཀྲི་ལ་འཕྲིན་ལན་སྤྲིངས་པ་དེས་ཕྱི་རྒྱལ་ནས་ཕྱིར་ལོག་བྱེད་མཁན་ཚན་རྩལ་དང་སློབ་གསོའི་ལས་དོན་པ་ཚང་མར་སྐུལ་ལྕག་ཐེབས་པ་དང་ཚན་རྩལ་གྱིས་རྒྱལ་ཁབ་ལ་ཞབས་འདེགས་ཞུ་རྒྱུ་དང་སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་ལ་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད་ཅེས་དང་ང་ཚོས་ནུབ་ཕྱོགས་སུ་གནས་སྤོ་བའི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་དང་གསོ་རིག་གི་རིག་ཚན་སྣོལ་སྦྲེལ་དང་ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ལ་སྐྱེ་དངོས་གསོ་རིག་དང་བདེ་ཐང་ཁྱབ་ཁོངས་ཀྱི་ཆུ་ཚད་མཐོ་བའི་ཤེས་ལྡན་པ་རྒྱུན་ཆད་མེད་པར་གསོ་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད།
མིག་སྔར་རང་རྒྱལ་གྱི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་ཁྲི་130ལྷག་ཙམ་གྱིས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་100ལྷག་ཙམ་དུ་སློབ་སྦྱོང་བྱེད་བཞིན་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཕྱི་རྒྱལ་དུ་སློབ་སྦྱོང་ལ་འགྲོ་མཁན་རྒྱལ་ནང་དུ་ལོག་པའི་མི་གྲངས་ཀྱིས་དུས་མཚུངས་ཀྱི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་འགྲོ་མཁན་གྱི་མི་གྲངས་ཀྱི་བསྡུར་ཚད་བཅུ་ཆ་བརྒྱད་ལས་བརྒལ་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་ལ་སློབ་སྦྱོང་བྱས་རྗེས་ལོ་རབས་80པའི་རྗེས་ཀྱི་ཕྱི་རྒྱལ་ནས་ཕྱིར་ལོག་པའི་བྱ་གཞག་གསར་གཏོད་བྱེད་མཁན་ཀོང་ཀྲོའུ་མའེ་ཕུའུ་བསྐྱར་སྐྱེས་གསོ་རིག་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཡོན་ཡུས་ཡུས་ཀྱིས།(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社