分享按钮

གྲོང་ཁྱེར་གནམ་གཤིས་ཅུས་དང་བོད་ལྗོངས་སློབ་ཆེན་དབར་བཞུགས་མོལ་སྤེལ་རེས་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་གནམ་གཤིས་ཅུས་དང་བོད་ལྗོངས་སློབ་ཆེན་རང་བྱུང་ཚན་རིག་སློབ་གླིང་གི་མཉམ་ལས་སྤེལ་རེས་བཞུགས་མོལ་ཚོགས་འདུ་དེ་བོད་ལྗོངས་སློབ་ཆེན་དུ་འཚོགས་པ་རེད།

བཞུགས་མོལ་ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་གནམ་གཤིས་ཅུས་ཀྱི་ལས་སྒོའི་སྡེ་ཚན་ཁག་གི་རྐང་འཛིན་མི་སྣ་དང་བོད་ལྗོངས་སློབ་ཆེན་རང་བྱུང་ཚན་རིག་སློབ་གླིང་གི་ཚོགས་འདུར་ཞུགས་མཁན་དགེ་རྒན་ཆེན་མོ་བ་ཚོ་བཅས་ཀྱིས་ཁག་སོ་སོར་ལྷ་སའི་གནམ་གཤིས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། གྲངས་ཐང་སྔོན་བརྡ་གཏོང་སྟངས་ས་གནས་ཅན་དུ་བེད་སྤྱོད། ཕྱོགས་བསྡུས་གནམ་གཤིས་ཚོད་ལྟ་ཕྱི་རོལ་དུ་སྤྱོད་པ། ཞིང་ལས་ལ་གནམ་གཤིས་ཀྱི་ཞབས་ཞུ་སྒྲུབ་པ། གནམ་གཤིས་ཚན་རིག་ཁྱབ་གདལ། ཉི་མའི་སྨུག་ཕྱིའི་འོད་ལྟ་ཞིབ་ཞིབ་འཇུག ས་མཐོའི་དབྱང་གཉིས་ཐཱན་འགྱུར་རྗེས་འདེད་དབྱེ་ཞིབ་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ནས་ལས་སྒོའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་། ཚན་རིག་ཞིབ་འཇུག་གི་ཁ་ཕྱོགས། མཉམ་ལས་ཀྱི་ལེགས་ཆ་སོགས་ཀྱི་ཞིབ་ཕྲའི་ནང་དོན་ཐད་སྤེལ་རེས་དང་བགྲོ་གླེང་བྱས་པ་རེད། སྤེལ་རེས་གཏིང་ཟབ་བྱས་པ་བརྒྱུད། ཐོག་མའི་མཉམ་ལས་སྒྲོམ་གཞི་དང་མཉམ་ལས་ཀྱི་བསམ་ཕྱོཊ་ཆཊ་ཤིང་། དུས་མཚུངས་སུ་མཉམ་ལས་སྤེལ་རེས་ཀྱི་ལམ་སྲོལ་དང་མཉམ་ལས་དཔྱད་དཔོག་གི་ལམ་སྲོལ་བཙུགས་ནས་སྐུལ་འདེད་དལ་ཞིང་གྲུབ་འབྲས་མངོན་གསལ་དོད་པོ་མེད་པའི་མཉམ་ལས་དོན་ཚན་མེད་པར་བཟོ་བའི་ལམ་ལུགས་ལག་བསྟར་བྱས་ཏེ་ཅུས་དང་སློབ་གྲྭའི་མཉམ་འགུལ་གྱི་མཉམ་ལས་འགག་སྒྲོལ་ཐད་སྔར་བས་ཤུགས་སྣོན་བརྒྱབ་པ་རེད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-14 6 6 拉萨日报藏文 c182851.html 1 གྲོང་ཁྱེར་གནམ་གཤིས་ཅུས་དང་བོད་ལྗོངས་སློབ་ཆེན་དབར་བཞུགས་མོལ་སྤེལ་རེས་བྱས་པ། /enpproperty-->