分享按钮

བོད་ལྗོངས་སློབ་ཆེན་གྱིས་སློབ་གྲྭའི་ནང་གདན་ཞུའི་ འདུ་ཚོགས་གཉེར་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།2024ལོའི་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་ལས་དོན་སྔར་བས་ཡག་པོ་བསྒྲུབས་ནས་མི་སྤྱོད་མཁན་ཚན་པ་དང་སློབ་མའི་ཕྱོགས་གཉིས་གདམ་གའི་སྟེགས་བུ་བསྐྲུན་ཏེ་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་བདེ་བླག་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ཆེད། ཉེ་ཆར་བོད་ལྗོངས་སློབ་ཆེན་གྱིས་2024ལོའི་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་ཀྱི“ཉིན་བརྒྱའི་མཆོང་སྐྱོད”ཀྱི་སློབ་གྲྭའི་ནང་གདན་ཞུའི་འདུ་ཚོགས་གཉེར་བ་རེད།

བོད་ལྗོངས་སློབ་ཆེན་གྱི་བྱང་ཕྱོགས་ཐང་ཆེན་དུ་ཁེ་ལས་ཁག་གིས་གུར་ཕུབ་ནས་སློབ་མ་བསུ་ཆེད་གྲ་སྒྲིག་ཡག་པོ་བྱས་ཡོད། སྔ་དྲོའི་ཆུ་ཚོད་10པར་སློབ་མ་གཅིག་རྗེས་གཉིས་མཐུད་ངང་གདན་ཞུའི་འདུ་ཚོགས་ཀྱི་ས་གནས་སུ་ཡོང་ཞིང་། ཁེ་ལས་ཀྱི་འཐུས་མིས་ངང་རྒྱུད་རིང་པོས་སློབ་ཆེན་ཐོན་པའི་སློབ་མར་ཀུང་སིའི་རིག་གནས་དང་། ལས་གནས་ཀྱི་བླང་བྱ། འཕེལ་རྒྱས་ཀྱི་ཐོབ་ཐང་སོགས་ཀྱི་ཆ་འཕྲིན་ངོ་སྤྲོད་བྱས་པ་རེད།སློབ་མ་ཚོས་རང་ཉིད་ཀྱི་ཆེད་ལས་ཀྱི་རྒྱབ་ལྗོངས་དང་ལས་རིགས་འཆར་འགོད་ལ་གཞིགས་ནས་ཚན་པ་ཁག་གི་གདན་ཞུའི་ཆ་འཕྲིན་ལ་ཞིབ་ཏུ་བལྟས་ནས་རང་ཉིད་ཀྱི་བློ་ཡིད་ཚིམ་པའི་ལས་གནས་འདེམས་བཞིན་ཡོད། ད་ཐེངས་ཀྱི་གདན་ཞུའི་འདུ་ཚོགས་ཐོག་ཁྱོན་ཁེ་ལས་150ཡོད་པའི་ནང་གཞུང་ཁོངས་ཁེ་ལས་10དང་དམངས་གཉེར་ཁེ་ལས་140ཡོད་པ་དང་ལས་གནས་1887མཁོ་འདོན་བྱས་ཡོད་པ་རེད།

བོད་ལྗོངས་སློབ་ཆེན་གྱི་སློབ་མ་རྡོ་རྗེ་སྒྲོལ་མས་སློབ་གྲྭས་སྒྲིག་འཛུཊ་བྱས་པའི་གདན་ཞུའི་འདུ་ཚོཊ་ཀྱི་ཡུལ་དངོས་སུ་སློབ་མ་རང་ཉིད་དགའ་པོ་ཡོད་པའི་ཁེ་ལས་མང་པོ་ཡོད། ངས་སྲིད་འཛིན་དོ་དམ་ཆེད་ལས་སྦྱོང་གི་ཡོད་པས་ལོ་རྒྱུས་མདོར་བསྡུས་མང་པོ་ཞིག་བརྒྱངས་ཡོད། སློབ་གྲྭས་གོ་སྐབས་ཡག་པོ་འདི་འདྲ་སྤྲད་པར་ཐུཊ་རྗེ་ཆེ་ཞུ་རྒྱུ་ཡིན་ལ།སྐབས་འདིའི་སློབ་ཐོན་སློབ་མ་ཚང་མར་དགའ་པོ་བྱེད་པའི་ལས་གནས་ཤིག་རག་རྒྱུའི་རེ་བ་ཡོད་ཅེས་བཤད།

ན་ནིང་ཟླ་9པ་ནས་བཟུང་བོད་ལྗོངས་སློབ་ཆེན་གྱིས་2024ལོའི་སློབ་ཆེན་ཐོན་པའི་སློབ་མར་གདན་ཞུའི་འདུ་ཚོགས་ཆེ་གྲས་དང་ཆུང་གྲས་ཐེངས་40ལྷག་ཙམ་གཉེར་བ་དང་ཁེ་ལས་900ལྷག་ཙམ་དང་འབྲེལ་མཐུད་བྱས་ནས་ལས་ཞུགས་ལས་གནས་ཁྲི་10ཙམ་མཁོ་འདོན་བྱས་ཡོད།

བོད་ལྗོངས་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་གི་ཟུར་ཁྲིད་པ་དབྱང་དབྱང་གིས་2024ལོའི་སློབ་མ་སློབ་གྲྭ་ཐོན་ཉེར་ཡོད་པའི་སྐབས་སུ་ང་ཚོའི་སློབ་གླིང་གིས་ཉིན་བརྒྱའི་མཆོང་སྐྱོད་བྱ་སྤྱོད་ཀྱི་བླང་བྱ་གཞིར་བཟུང་སློབ་གྲྭ་ནས་ཁ་བྲལ་སྐབས།ཁེ་ལས་དང་མི་སྤྱི་ཚན་པ་བཅས་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ་སློབ་མར་ལས་གནས་འཚོལ་རྒྱུ་དང་སློབ་མ་སློབ་གྲྭ་ནས་མ་བྲལ་གོང་ཁེ་ལས་སུ་ལས་ཞུགས་གདན་ཞུ་བྱེད་པའི་གོ་སྐབས་ཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཕྱིས་འབྱུང་སློབ་གླིང་གིས་བླང་བྱ་གཞིར་བཟུང་ཏན་ཏན་ཏིག་ཏིག་ངང་བྱེད་སྒོ་དྲུག་སྤེལ་རྒྱུ་གལ་ཆེན་དུ་འཛིན་ནས་སློབ་མའི་ལས་ཞུགས་འདུ་ཤེས་ལ་འགྱུར་ལྡོག་གཏོང་རྒྱུར་ཁྲིད་སྟོན་དང་གྲངས་གཞིའི་འགག་སྒོ་ནན་པོ་བསྲུངས་ནས་ལས་དོན་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་ཆེ་ཤོས་སུ་བརྩིས་ཏེ་དོན་འཁྱོལ་ཡང་དག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-14 6 6 拉萨日报藏文 c182852.html 1 བོད་ལྗོངས་སློབ་ཆེན་གྱིས་སློབ་གྲྭའི་ནང་གདན་ཞུའི་ འདུ་ཚོགས་གཉེར་བ། /enpproperty-->