分享按钮

(པར་ངོས་དང་པོར་མཐུད)ཞི་ཅིན་ཕིང་གིས་སྒོ་དབྱེ་གོང་འཕེལ་གྱི་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་དགོས། ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དར་སྤེལ་གཏོང་བ་དང་། ཉོ་འཚོང་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ། གོང་འཕེལ་དོ་སྙོམས་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་བཅས་བྱས་ཏེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། གསར་གཏོད་དང་གོང་འཕེལ་ཀྱི་ལོ་རྒྱུས་གོ་སྐབས་དམ་འཛིན་བྱ་དགོས། སྒོ་འབྱེད་དང་། ཁོང་ཡངས། མཐོང་ཆུང་མེད་པ་བཅས་ཀྱི་གྲངས་འཛིན་དཔལ་འབྱོར་གྱི་ཁོར་ཡུག་བསྐྲུན་པ་དང་། མི་རྩ་བར་འཛིན་པ་དང་རིག་ནུས་བཟང་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲོམ་གཞིའི་ནང་མི་ཐབས་རིག་ནུས་སྒྲིག་སྲོལ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྗང་མདོག་རིགས་སྒྱུར་ལ་སྐུལ་འདེད་ཧུར་ཐག་བཏང་ནས། རྒྱ་ཆེའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་རྣམས་དེ་བས་ལེགས་པའི་ངང་གྲངས་འཛིན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་རླབས་རྒྱུན་ཁྲོད་མཉམ་འདྲེས་ཐུབ་པར་བྱེད་དགོས་ཞེས་གསུངས་ཡོད།

ཞི་ཅིན་ཕིང་གིས་ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བའི་ལོ་ཡིན་པ་དང་། ཀྲུང་གོས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པས། འཛམ་གླིང་གི་གོང་འཕེལ་ལ་གོ་སྐབས་གསར་པ་དེ་བས་ཆེ་བ་གཏོད་ཐུབ་ངེས་རེད་ཅེས་ནན་གསུངས་གནང་ཡོད།

ཞི་ཅིན་ཕིང་གིས་ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་ཁོངས་གཏོགས་ཤིག་ཡིན་པ་དང་། ནམ་ཡང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་ཀྱི་ཡོད། ཀྲུང་གོས་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ནས་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་དང་། ཉོ་ཚོང་དང་། མ་འཇོག གོང་འཕེལ་བཅས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་གོང་འཕེལ་ཀྱི་གྲོས་རིམ་དོན་འཁྱོལ་བྱེད་རོགས་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕྱོཊ་ཁག་དང་མཉམ་དུ་མིའི་རིཊ་ཀྱི་མདུན་ལམ་དང་མི་དམངས་ཀྱི་བདེ་སྐྱིད་ལ་བསམ་བློ་བཏང་ཐོག འཛམ་གླིང་འདི་ཉིད་ཞི་བདེ་དང་། བདེ་འཇཊ། དར་རྒྱས། ཡར་ཐོན་བཅས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཉོ་འཚོང་དང་གོང་འཕེལ་གྲོས་ཚོགས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་འགོ་ཚུགས་མཛད་སྒོར་བརྙན་ལམ་བརྒྱུད་ཤིས་ཚིག་གསུངས་པ།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-14 6 6 拉萨日报藏文 c182850.html 1 /enpproperty-->