分享按钮

ཤའོ་ཡིའུ་ཚའེ་ཡིས་ནུས་ཤུཊ་ཡོད་རྒུས་རྣམ་གྲངས་ལ་དམ་འཛིན་དང་།ལས་འགོ་འཛུཊ་རྒྱུར་སྐུལ་འདེད།མྱུར་ཚད་ལ་དམ་འཛིན་བཅས་བྱས་ནས་གཙོ་གནད་རྣམ་གྲངས་འཛུཊ་སྐྲུན་ཐད་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་པར་འགན་ལེན་བྱེད་དགོས་པའི་ནན་གསུངས་གནང་བ།

(པར་ངོས་དང་པོར་མཐུད)རིམ་ཁག་ཚན་ཁག་གིས་བསམ་བློའི་ངོས་འཛིན་གཅིག་གྱུར་བྱས་ཏེ་ཐོག་མཐའ་བར་གསུམ་དུ་གཙོ་གནད་རྣམ་གྲངས་འཛུཊ་སྐྲུན་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་སུ་བཞག་ནས་དམིཊ་ཚད་དང་ལས་འགན་ལ་དམ་པོར་དམིཊ་པ་དང་། ཤུཊ་རྒྱག་ས་དང་དམིགས་ས་ཡང་དག་བཙལ་ནས“སྒུག་རྟེན་སློང”གསུམ་གྱི་བསམ་བློ་མཐའ་གཅིག་ཏུ་ཁྱད་བསད་བྱེད་དགོས་པ་དང་།ཤུགས་ཚད་སྔར་ལས་ཆེ་བ་དང་། མྱུར་ཚད་སྔར་ལས་མགྱོགས་པ།བྱེད་ཐབས་སྔར་ལས་དོན་དངོས་བཅས་ཀྱི་ཐོག་ནས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ལེགས་པོ་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས།

ཚད་མཐོའི་མཐོང་ཆེན་བྱེད་དགོས་པ་སྟེ། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་རང་བཞིན་དང་དགོས་གཏུགས་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་གཞི་ཚུགས་ཏེ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་ལས་འགན་ཕྲག་ཏུ་འཁུར་བ་དང་དམ་འཛིན་ནན་པོ་བྱེད་དགོས་པ། ལག་ལེན་ཁྲོད་ཆོས་ཉིད་ཡང་དག་འཚོལ་བ་དང་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ་དཔལ་འབྱོར་ལས་དོན་ལ་དམ་འཛིན་བྱེད་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

འགན་འཁྲི་ནན་དུ་གཏོང་དགོས་པ་སྟེ། འགོ་ཁྲིད་ལས་བྱེད་པའི་གཙོ་གནད་རྣམ་གྲངས་ཀྱི་འགན་ལེན་ལམ་ལུཊ་དོན་འཁྱོལ་ནན་པོ་བྱས་ནས་རིམ་པ་ཁག་གི་འགན་ལེན་འགོ་ཁྲིད་ངོ་མས་བཀོད་སྒྲིག་དང་། བཀོད་གཏོང་། མཐུན་སྦྱོར་བཅས་བྱེད་དགོས་པ་དང་། ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་དུས་ཚོད་ལ་དམ་འཛིན་དང་། དཀའ་གནད་སེལ་བ། འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་གཙོ་གནད་རྣམ་གྲངས་འཛུཊ་སྐྲུན་ཐད་སྐུལ་འདེད་གང་མགྱོཊ་གཏོང་དགོས།

དམིགས་ཚད་ལེགས་སྒྲུབ་བྱེད་དགོས་པ་སྟེ། བརྟག་ཞིབ་མཐིལ་རྟོགས་དང་དབྱེ་ཞིབ་གཏིང་ཟབ་བྱས་ནས་ནོར་སྲིད་ཀྱི་མ་དངུལ་དང་སྤྱི་ཚོགས་ཀྱི་མ་རྩ་གཅིག་གྱུར་ཐོག་འཆར་འགོད་སྔར་ལས་ལེགས་པར་བྱས་ཏེ་ལས་ཡུན་ལྡོག་སྒྲིག་དང་མྱུར་ཚད་ལ་སྐུལ་འདེད་གཏོང་དགོས་པ་དང་།སྤྱོད་ཚུལ་ཏན་ཏིག་དང་དངོས་སྒྲུབ་ཀྱི་བྱེད་ཐབས་སྤྱད་དེ་རྣམ་གྲངས་ཁག་ལ་སྐུལ་འདེད་གཏོང་རྒྱུར་འགན་ལེན་བྱས་ནས་དུས་ཚིགས་གཉིས་པའི་གྲངས་གཞིའི་དམིགས་ཚད་ལེགས་འགྲུབ་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས།

སྒྲིག་ཁྲིམས་ནན་པོ་སྲུང་དགོས་པ་སྟེ། ལྟ་སྐུལ་ཞིབ་བཤེར་དང་ཕན་འབྲས་ལ་འདྲི་རྩད་བྱེད་ཤུགས་ཆེ་རུ་བཏང་ནས་འགན་འཛོལ་བྱུང་བ་དང་ལས་གཡོལ་བྱེད་མཁན་གྱི་ལས་བྱེད་པར་སྒྲིག་སྲོལ་དང་སྒྲིག་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱས་ཏེ་རྣམ་གྲངས་ཆེན་པོར་དམ་འཛིན་བྱེད་པའི་རྣམ་པ་ཟབ་མོ་ཞིག་གཏོད་དགོས་པ་དང་།གྲོང་ཨུད་ཀྱི་བཀོད་སྒྲིག་ཁག་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས་པ་རེད།

ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་གྱི་རྣམ་པའི་ཐོག་ནས་འཚོགས་ཤིང་། གྲོང་ཁྱེར་གྱི་འགོ་ཁྲིད་ཀྲང་ཡུང་ལིན་དང་། འཕྲིན་ལས་དར་རྒྱས། བཀྲ་ཤིས་དཔལ་སྒྲོན། ལུའུ་ཚུང་ཧྥུའུ། ཁོང་ཧུའེ། ཕན་ཝུན་ཆིང་། བློ་གསལ། ཀྲའོ་ཧྲི་ཏུང་། པ་སངས་རྡོ་རྗེ། ཀའོ་ཅུན་བཅས་དང་། རྫོང(ཆུས)ཁག་དང་བྱེད་ནུས་གླིང་ཁུལ་ཁག དེ་བཞིན་གྲོང་ཁྱེར་ཐད་གཏོགས་ཀྱི་འབྲེལ་ཡོད་ཚན་པ་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས་ཡོད་པ་རེད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-14 6 6 拉萨日报藏文 c182842.html 1 ཤའོ་ཡིའུ་ཚའེ་ཡིས་ནུས་ཤུཊ་ཡོད་རྒུས་རྣམ་གྲངས་ལ་དམ་འཛིན་དང་།ལས་འགོ་འཛུཊ་རྒྱུར་སྐུལ་འདེད།མྱུར་ཚད་ལ་དམ་འཛིན་བཅས་བྱས་ནས་གཙོ་གནད་རྣམ་གྲངས་འཛུཊ་སྐྲུན་ཐད་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་པར་འགན་ལེན་བྱེད་དགོས་པའི་ནན་གསུངས་གནང་བ། /enpproperty-->