分享按钮

མལ་གྲོ་གུང་དཀར་རྫོང་གིས་ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་གྱི་ཆེད་ལས་མེ་ཟོན་རུ་ཁག་ཐོག་མ་དེ་བཙུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།མལ་གྲོ་གུང་དཀར་རྫོང་གིས་ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་གྱི་ཆེད་ལས་མེ་ཟོན་རུ་ཁག་ཐོག་མ་སྟེ་རྒྱ་མ་ཤང་གི་ཆེད་ལས་མེ་ཟོན་རུ་ཁག་བཙུགས་ཤིང་།གཏེར་ལས་ཤང་གི་མེ་ཟོན་རོགས་སྐྱོབ་སྟོབས་ཤུགས་ཆེ་རུ་བཏང་སྟེ་གཞི་རིམ་གྱི་འཕྲལ་སྡོམ་དོ་དམ་ནུས་པ་རྒྱུན་ཆད་མེད་པར་གོང་མཐོར་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

འཛུགས་སྐྲུན་ལ་དམིགས་ནས་བཀོད་སྒྲིག་ཤུགས་ཆེན་བྱས་པ། ཆེད་ལས་མེ་ཟོན་རུ་ཁག་དེ་རིམ་པ་གཉིས་པའི་ཚད་གཞི་ལྟར་བཙུགས་པ་ཡིན་ཞིང་།རྒྱ་མ་ཤང་གི་ད་ཡོད་སྒྲིག་ཆས་བེད་སྤྱད་དེ་ཉེན་རྟོག་སྣེ་ལེན་ལྟེ་གནས་1དང་། ཡོ་བྱད་མཛོད་ཁང་1 ཆེད་སྤྱོད་རླངས་འཁོར་འཇོག་ཁང་1 ཆེད་སྤྱོད་རླངས་འཁོར་འཇོག་ས་6 ཉལ་ཁང་2 སློབ་ཁང་1བཅས་བསྐྲུན་ཡོད་པ་དང་། ཆུ་ཏུན་8བླུག་ཐུབ་པའི་ཆུ་གསོག་མེ་ཟོན་རླངས་འཁོར་1 དང་། ཆུ་མདའ།འགྱོགས་བྱམས།མེ་འགོག་མགོ་ཤུབས་སོགས་ཀྱི་མེ་ཟོན་སྒྲིག་ཆས་ཆ་ཚང་སྒྲིག་སྦྱོར་བྱས་པ། གྲོང་ཚོ་ཁག་དང་ཁོངས་གཏོགས་ཁུལ་གྱི་ཁེ་ལས་ཚང་མར་ཚད་གཞི་ལྟར་མེ་ཟོན་ས་ཚིགས་ཆུང་གྲས་བཙུགས་ཡོད་པ་རེད།

དོ་དམ་ལ་དམིགས་ནས་དཔུང་ཁག་ལ་དམ་འཛིན་བྱས་པ། ཆེད་ལས་མེ་ཟོན་རུ་ཁག་དེར་རུ་དཔོན་དང་རུ་དཔོན་གཞོན་པ་རེ་དང་། ཆེད་ལས་དང་ལས་གནས་གཅིག་ལྕོགས་ཀྱི་མེ་གསོད་པ་8བཀོད་སྒྲིག་བྱས་ནས་ཉིན་མཚན་དབྱེར་མེད་དུ་ABཡི་ལས་རེས་ལམ་ལུགས་དོན་འཁྱོལ་བྱས་ཡོད། རྒྱ་མ་ཤང་གིས་ཤང་མེ་ཟོན་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་སྒོ་བྱང་བཀལ་ནས་ཤང་ཀྲང་གིས་ཀྲུའུ་རེན་གྱི་འགན་ཁུར་ནས་ཤང་ཡོངས་ཀྱི་མེ་ཟོན་བདེ་འཇགས་ཉེན་ཁའི་ཞིབ་དཔྱད་དང་། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་དང་བཅོས་སྒྲིག དེ་བཞིན་ཆེད་ལས་མེ་ཟོན་རུ་ཁག་དང་མེ་ཟོན་ས་ཚིགས་ཆུང་གྲས་ཁག་གི་གསོ་སྦྱོང་སོགས་ཀྱི་ལས་དོན་ཐད་གཅིག་གྱུར་གྱིས་མཛུབ་ཁྲིད་བྱ་རྒྱུ་དང་འབྲེལ་མེ་ཟོན་ལས་དོན་ས་ཚིགས་ཀྱི་འགན་འཁྲི་བཟོས་ནས་ཆེད་ལས་མེ་ཟོན་རུ་ཁག་གི་འཁོར་སྐྱོད་ལམ་སྲོལ་དང་རྒྱུན་གཏན་དོ་དམ་ལ་ཕྱོགས་ཡོངས་དང་།བརྒྱུད་རིམ་ལྡན་པ།ཚད་ལྡན་བཅས་ཀྱི་སྒོ་ནས་དོ་དམ་བྱས་ཡོད།

སྦྱོང་བརྡར་ལ་དམིགས་ནས་འཇོན་ཐང་ཆེ་རུ་བཏང་བ། ཆེད་ལས་མེ་ཟོན་རུ་ཁག་དེས་འཐབ་འཛིང་གི་ཚད་གཞི་བརྟན་པོ་བཟོས་ནས་ཉིན་ལྟར་ཆེད་ལས་ཀྱི་ཤེས་བྱར་སློབ་སྦྱོང་དང་དངོས་སྦྱོང་སྦྱོང་བརྡར་བྱེད་པ་དང་། ཟླ་རེར་མེ་ཟོན་ས་ཚིགས་ཆུང་གྲས་ཁག་དང་མཉམ་འབྲེལ་བྱས་ཏེ་འཕྲལ་སྡོམ་ནང་སྦྱོང་བྱེད་པ། རྒྱུན་རྣམ་ཅན་གྱི་སྒོ་ནས་མེ་ཟོན་གྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་དང་མེ་ཟོན་ཤེས་བྱའི་དྲིལ་བསྒྲགས་ལས་དོན་སྤེལ་བ། ཕྱོགས་བསྡུས་འཕྲལ་སྡོམ་རོགས་སྐྱོབ་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་དཔུང་ཁག་འདི་ཉིད་འགག་རྩའི་དུས་སུ་གདོང་མཆོང་ཐུབ་པ་དང་རྒྱལ་ཁ་ལེན་ཐུབ་པར་འགན་ལེན་བྱས་ནས་མལ་གྲོ་གུང་དཀར་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་གང་ལེགས་ཐུབ་པར་བྱས་ཡོད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-14 6 6 拉萨日报藏文 c182843.html 1 མལ་གྲོ་གུང་དཀར་རྫོང་གིས་ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་གྱི་ཆེད་ལས་མེ་ཟོན་རུ་ཁག་ཐོག་མ་དེ་བཙུགས་པ། /enpproperty-->