分享按钮

རང་ལྗོངས་ཀྱིས་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ།

(པར་ངོས་དང་པོར་མཐུད)སེམས་ཁམས་ལ་གཡོ་འགུལ་ཆེན་པོ་ཐེབས་ཏེ་ཚང་མར་མཐོང་ཐོས་གཉིས་ཀྱི་ཐད་ནས་ཕྱོགས་ཡོངས་དང་གསོན་ཉམས་དོད་པའི་རུལ་རྒོལ་གཙང་སྤེལ་གྱི་ཉེན་ཟོན་སློབ་གསོ་དང་ལེན་བྱེད་དུ་བཅུག་ཅིང་། ཚང་མས་གཅིག་མཇུག་གཉིས་མཐུད་ངང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བཟུང་སྟེ། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་ནན་ཏན་བྱས་ཏེ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་སྒྲིག་སྲོལ་ནན་པོར་བསྲུངས་ཏེ་རྒྱུན་དུ་གུས་སྐྲག་གི་བསམ་པ་བཅངས་ནས་ཁྲིམས་འགལ་སྒྲིག་འགལ་གྱི་གྱོད་དཔེའི་བསླབ་བྱ་བླངས་ནས་ཡང་དག་པའི་དབང་ཆའི་ལྟ་བ་དང་། སྲིད་དོན་བྱས་རྗེས་ཀྱི་ལྟ་བ། ཁེ་ཕན་གྱི་ལྟ་བ་བཅས་བརྟན་པོར་བཙུགས་ཏེ་དུས་དང་རྣམ་པ་ཀུན་ཏུ་རང་བརྩི་རང་སྐུལ་གྱིས་སྤྱོད་གཙང་སྲིད་སྐྱོང་གི་གོམ་པ་དང་པོ་ལེགས་པར་སྤོ་རྒྱུ་ཡིན་ཞེས་བཤད།

ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་ཚུན། ཁྲེང་ཏུར་བཅའ་སྡོད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའུ་ཡིས་ཁོངས་གཏོགས་ཡོངས་སུ་ཏང་ཡོན་གྱི་གྲངས་འབོར་བལྟོས་བཅས་ཀྱིས་མང་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལས་བྲལ་དང་རྒན་ཡོལ་ཞུས་པའི་ཏང་ཡོན་ལས་བྱེད་པ་དང་གཞོན་ནུ་ཏང་ཡོན་ལས་བྱེད་པའི་ཁྲོད་དུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་སློབ་གསོའི་འབྲེལ་ཐག་སྔར་བས་སྣུར་སྲིང་བྱས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་ཡོད། ཞིང་ཆེན་རིམ་པའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ཞབས་ཞུ་ཅུས་ཀྱི་ཏང་ཀྲི་པུའུ་ཡིས་ཁྲེང་ཏུར་ཁ་ཐོར་དུ་སྡོད་པའི་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་ཏང་ཀྲི་པུའུ་དང་རང་སྐྱོང་ལྗོངས་རིམ་པའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་ཧྲུན་ཅང་ཡོན་ཞབས་ཞུ་ལྟེ་གནས་ཀྱི་གནས་སྐབས་ཏང་ཀྲི་པུའུ་དང་མཉམ་དུ་ཆེད་དོན་དཔེ་ཀློག་འཛིན་གྲྭ་དང་། དྲ་ཐོག་དང་དྲ་ཕྱིའི་སྤེལ་རེས་དང་གྲོས་བསྡུར་ཟུང་འབྲེལ་བྱེད་པའི་བྱ་ཐབས་སྤྱད་དེ། ལས་བྲལ་དང་རྒན་ཡོལ་ཞུས་པའི་ཏང་ཡོན་ལས་བྱེད་པ་དང་ལས་ཐོག་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་ཀྱིས་ཀྲི་པུའུ་མཉམ་འཛུགས་ཀྱི་ཆེད་དོན་སློབ་སྦྱོང་བྱས་ཡོད།

ཁྲེང་ཏུའི་ལས་བྱེད་པ་ངལ་གསོ་ཁང་གིས་ལས་ཐོག་ཏང་ཡོན་ལས་བྱེད་པས་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་དང་། ཨུ་ཡོན། འབྲེལ་གཏུག་པ་བཅས་གཅིག་ལྕོགས་བྱེད་པའི་དགེ་མཚན་གང་ལེགས་བཏོན་ཏེ་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་ཏང་ཀྲི་པུའུ་རྩ་འཛུགས་ཀྱི་མཉམ་སྡེབ་སློབ་སྦྱོང་ལ་ཞུགས་པ་དང་འབྲེལ་འགྲོ་སྐྱོད་སྟབས་མི་བདེ་བའི་ཏང་ཡོན་རྒན་གྲས་རྣམས་ལ་ཁྱིམ་དུ་སློབ་སྦྱོང་གི་ནང་དོན་བསྐྱལ་ཡོད། ཧྲོང་ལིའུ་ལས་བྱེད་པའི་ངལ་གསོ་ཁང་གིས་རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེ་མོ་བ་གདན་དྲངས་ནས་ལས་བྲལ་དང་རྒན་ཡོལ་ཞུས་པའི་བློ་མཐུན་རྒན་གྲས་དང་ལས་ཐོག་ལས་བྱེད་པ་དང་ལས་བཟོ་བར་ལས་དོན་གྱི་ཆེད་དོན་སློབ་ཁྲིད་དང་ཟུར་ཁྲིད་བྱས་ཡོད། ཁྲེང་ཏུར་བཅའ་སྡོད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའུ་ཡིས་གཞོན་ནུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ཚོགས་ཆུང་གི་སྟེགས་བུ་ཡག་པོ་སྤྱད་དེ་གཞོན་ནུ་ཏང་ཡོན་ལས་བྱེད་པའི་ཁྲོད“《སྲོལ་ཡིག》རྣ་ལ་འཇགས་པ་དང་། སྒྲིག་ཁྲིམས་སེམས་ལ་ཟུག་པའི”བྱེད་སྒོ་སྤེལ་ནས་གཞོན་ནུ་ཏང་ཡོན་སྒྲིག་འཛུགས་བྱས་ཏེ《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》གི་འགྲེལ་བཤད་ལ་ཉན་དུ་བཅུག་ནས་དུས་ཚོད་དམ་འཛིན་བྱས་ནས་ཏང་གི་སྒྲིག་ཁྲིམས་ཤེས་བྱ་སློབ་སྦྱོང་དང་གཞོན་ནུ་ཏང་ཡོན་ལས་བྱེད་པས་ལས་ཀ་དང་འཚོ་བའི་ཁྲོད་སྒྲིག་ཁྲིམས་དང་སྒྲིག་སྲོལ་ནན་སྲུང་དང་རང་གཅུན་ནན་པོ་བྱ་རྒྱུར་ཁྲིད་སྟོན་བྱས་པ་རེད།

ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་གཏོང་ཆེད། མཚོ་བོད་ལྕགས་ལམ་ལྷ་སའི་འཁོར་དོན་དུམ་བུའི་ཏང་ཨུད་ཀྱིས་དམིགས་ཚད་དང་ལས་འགན་ཁོང་དུ་ཆུད་པར་བྱས་ཏེ་ཏང་ཡོན་ལས་བྱེད་པར་སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བ་བཅས་ལ་འབད་བརྩོན་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད།

ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་འགོ་བཙུགས་ཚུན། མཚོ་བོད་ལྕགས་ལམ་ལྷ་སའི་འཁོར་དོན་དུམ་བུས་རྩ་འཛུགས་ཀྱི་ལག་བསྟར་དང་རིགས་དབྱེ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ“ཏང་ཨུད་ཀྱིས་སྤྱི་འདོམས་དང་། ཀྲི་པུའུ་ཡིས་སྣེ་ཁྲིད། ཏང་ཡོན་གྱིས་ཁྲིད་སྟོན”བཅས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་སྐུལ་འདེད་གཏོང་སྟངས་ལེགས་སུ་བཏང་བ་དང་། 《ལྷ་སའི་འཁོར་དོན་དུམ་བུའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་གྱི་སྐུལ་འདེད་འཆར་གཞི》ལེགས་སྒྲིག་བྱས་ནས་གྲུབ་པ། “ལྷ་ས་འཁོར་དོན་སྐར་ཁུང”གི་སྐད་འཕྲིན་སྤྱི་རྟགས་སོགས་སུ“ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི”ཆེད་བསྒྲིགས་ལེ་ཚན་བཀོད་སྒྲིག་བྱས་ཏེ《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ཁྱབ་སྤེལ་བཏང་བ་དང་ཆབས་ཅིག “ཉེན་ཟོན་སློབ་ཚན”དང“གསར་བརྗེའི་སློབ་ཚན”སོགས་བཀོད་སྒྲིག་བྱས་ཏེ་རུལ་འགོག་འགྱུར་ཟོན་གྱི་བསམ་བློའི་འགོག་སྲུང་འཛིང་རགས་དེ་བས་བརྟན་དུ་བཏང་ནས་ཏང་ཡོན་ལས་བྱེད་པའི་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་བཏང་སྟེ་སྤྱོད་གཙང་རང་འདོམས་ཀྱི“གཅུས་སྒོ་ཨ་མ”དམ་དུ་བཏང་ཡོད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-14 6 6 拉萨日报藏文 c182841.html 1 རང་ལྗོངས་ཀྱིས་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ། /enpproperty-->