(པར་ངོས་དང་པོར་མཐུད)རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གྱིས་ཚང་མའི་སྣེ་ཁྲིད་དེ་ཤེས་ལྡན་མི་སྣ་རང་བདག་གསོ་སྐྱོང་བྱེད་སྟངས་མུ་མཐུད་འཚོལ་ཞིབ་དང་གསར་གཏོད་བྱེད་པ་དང་། རིག་ཚན་སྣོལ་སྦྲེལ་དང་མདུན་གྲལ་གསར་གཏོད་ལ་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཚན་རྩལ་གསར་གཏོད་རྟེན་གཞི་གཏོད་པ་བཅས་ཀྱིས་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་དང་རང་སྟོབས་རང་སྤེལ་མངོན་འགྱུར་ཡོང་བ་དང་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་དང་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་གསུངས་གནང་བ་རེད།
ཡའོ་ཆི་ཀྲི་ཡིས་དེ་སྔོན་ཨ་རིའི་མཐོ་སློབ་ཏུ་དགེ་རྒན་གྱི་ཕྱག་ལས་ཡུན་རིང་གནང་བ་དང་། 2004ལོར་རྒྱལ་ནང་དུ་ལོག་ཕེབས་ནས་ཆིང་ཧྭ་སློབ་ཆེན་དུ་དགེ་རྒན་གྱི་ཕྱག་ལས་གནང་བ་རེད། ད་ཆ་ཆིང་ཧྭ་སློབ་ཆེན་མི་ཐབས་རིག་ནུས་སློབ་གླིང་གི་ཡོན་ཀྲང་དང་སྣོལ་སྦྲེལ་ཆ་འཕྲིན་ཞིབ་འཇུག་ཁང་གི་ཡོན་ཀྲང་གི་ཐུགས་འགན་བཞེས་བཞིན་ཡོད། ཉེ་ཆར་ཡའོ་ཆི་ཀྲིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་རྒྱལ་ནང་དུ་ལོག་སྟེ་དགེ་རྒན་གྱི་ཕྱག་ལས་གནང་ནས་དུས་ཡུན་མི་ལོ་20ཡི་རིང་། ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཚན་ཞིབ་གསར་གཏོད་སོཊ་ཀྱི་གནས་ཚུལ་སྙན་སེང་ཞུས་པ་དང་། ཚན་རྩལ་གྱིས་རྒྱལ་ཁབ་ལ་ཞབས་འདེཊ་ཞུ་རྒྱུ་དང་ཀྲུང་ཧྭ་མི་རིཊ་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་སྟོབས་ཤུཊ་ལེགས་སྐྱེས་སུ་འབུལ་བའི་ཆོད་སེམས་མཚོན་པར་གནང་ཡོད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社