ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། འདི་ལོའི་ཟླ་6པ་ནི་རྒྱལ་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ཟླ་བ་ཐེངས་23པ་དེ་ཡིན་ཞིང་། དམངས་ཡོངས་ཀྱི་བདེ་འཇགས་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་ཐོན་སྐྱེད་བདེ་འཇཊ་ཀྱི་ལས་འཛོལ་སྔོན་འགོག་དང་ཉུང་དུ་གཏོང་ཆེད། ཉེ་ཆར།ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཐོན་སྐྱེད་བདེ་འཇགས་ཨུ་ལྷན་གྱིས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་གནམ་རིག་སྤྱི་གླིང་དུ་མི་ཚང་མས་བདེ་འཇགས་ལ་སྣང་ཆེན་བྱེད་པ་དང་། མི་ཚང་མས་འཕྲལ་སྡོམ་ཤེས་པར་བྱས་ནས་ཚེ་སྲོག་གི་བགྲོད་ལམ་ཤར་གཏོང་བྱེད་ཅེས་པ་གཙོ་དོན་དུ་བྱས་པའི་ཐོན་སྐྱེད་བདེ་འཇགས་ཟླ་བའི་འགོ་ཚུགས་མཛད་སྒོ་གཉེར་བ་རེད།
བྱེད་སྒོ་དེ་ལྷ་མོ་འཁྲབ་སྟོན་བྱེད་པའི་ཁྲོད་འགོ་ཚུགས་ཡོད་ཅིང་།དེ་རྗེས་ཐོན་སྐྱེད་བདེ་འཇཊ་ལས་སྒོའི་རྩལ་ནུས་འགྲན་བསྡུར་སྤེལ་འགོ་ཚུགས་ཡོད། འགྲན་བསྡུར་རྣམ་པ་སྣ་ཚོགས་ཡོད་པ་དེའི་ནང་པར་རིས་ལ་ལྟ་ཞིབ་བྱས་པ་བརྒྱུད་བདེ་འཇཊ་ཀྱི་མངོན་མེད་རྐྱེན་ངན་འཚོལ་བ་དང་བདེ་འཇཊ་སྐོར་གྱི་དྲི་བ་བཏོན་པ་སོཊ་ཚུད་ཡོད། འགྲན་བསྡུར་བྱེད་པའི་བརྒྱུད་རིམ་ཁྲོད་ཚང་མ་ཧུར་ཐག་ཞུཊ་ཡོད་ཅིང་། ཆེད་ལས་ཀྱི་མེ་ཟོན་རུ་མི་ཚོས་འགྲན་བསྡུར་ནང་ཞུཊ་མཁན་གྱི་ཕུལ་བྱུང་མི་སྣར་ལག་རྟགས་ཆུང་ཆུང་རེ་སྤྲད་ཡོད། འགྲན་བསྡུར་གྱི་རྣམ་གྲངས་དེ་དག་གིས་འགྲན་བསྡུར་ནང་ཞུཊ་མཁན་གྱི་ཐོན་སྐྱེད་བདེ་འཇཊ་ཀྱི་འདུ་ཤེས་དང་འཕྲལ་སྡོམ་ཐག་གཅོད་ཀྱི་ནུས་པ་ནུས་ལྡན་ངང་གོང་མཐོར་བཏང་ཡོད། བོད་ལྗོངས་འབྱུང་འཕྲོད་བཏུང་བྱ་འཕེལ་རྒྱས་ཚད་ཡོད་ཀུང་སིའི་བདེ་འཇཊ་སྤྱི་ཁྱབ་ལྟ་ཞིབ་པ་ལི་ཅན་ཡིའུ་ཡིས་དེ་རིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་གཉེར་བའི་ཐོན་སྐྱེད་བདེ་འཇཊ་ཟླ་བ་ཐེངས་23པའི་བྱེད་སྒོར་ཞུཊ་པ་ལས་ང་ཚོའི་བདེ་འཇཊ་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་སོང་། ཁེ་ལས་ཤིག་ཡིན་པའི་ངོས་ནས་བདེ་འཇཊ་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱ་རྒྱུ་དང་སླད་ཕྱིན་གྱི་ལས་དོན་ཁྲོད་མི་ཚང་མས་བདེ་འཇཊ་ལ་དོ་སྣང་དང་མི་ཚང་མས་འཕྲལ་སྡོམ་ཤེས་པར་བྱས་ནས་ཚེ་སྲོག་གི་བགྲོད་ལམ་ཤར་གཏོང་ཐུབ་པར་བྱས་ཐོག་ཐོན་སྐྱེད་བདེ་འཇཊ་དོ་དམ་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་བཤད།
འགྲན་བསྡུར་གྱི་རྣམ་གྲངས་ཕུད། བྱེད་སྒོ་སྤེལ་ཡུལ་དུ་ད་དུང་དྲིལ་བསྒྲགས་སྒྲོམ་སྟེགས་བཙུགས་ནས་འགྲོ་འོང་བྱེད་མཁན་གྱི་གྲོང་མི་མང་ཚོགས་ལ་དྲིལ་བསྒྲགས་ཀྱི་དཔེ་དེབ་དང་སྤྱོད་གོ་ཆོད་པའི་བདེ་འཇགས་དངོས་པོ་སྤྲད་ཡོད་པ་རེད། ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་གི་གཙོ་གཉེར་བ་གཞོན་པ་ཚེ་རིང་སྤེན་པས་ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་གིས་ད་ཐེངས་ཀྱི་ཐོན་སྐྱེད་བདེ་འཇགས་ཟླ་བ་དེ་གོ་སྐབས་དང་འགོ་འཛུགས་ས་གལ་ཆེན་དུ་བརྩིས་ཏེ།རྒྱ་ཆེའི་མང་ཚོགས་ཀྱི་ཐོན་སྐྱེད་འདུ་ཤེས་དང་འགན་འཁྲི་འཁུར་སེམས་ཟབ་ཏུ་གཏོང་རྒྱུ་དང་།ཚང་མར་བདེ་འཇགས་ཀྱི་འདུ་ཤེས་དེ་རྒྱུན་གཏན་གྱི་ལས་ཀ་དང་འཚོ་བའི་ཁྲོད་ཁྱབ་ཐུབ་པར་སྐུལ་འདེད་བཏང་ནས་ལས་འཛོལ་སྣ་ཚོགས་སྔོན་འགོག་ནུས་ལྡན་དང་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་ཐུབ་པར་བྱ་རྒྱུ་ཡིན། ཕྱིས་འབྱུང་ང་ཚོས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་བདེ་འཇགས་སྐོར་གྱི་གཙོ་དོན་འཆད་ཁྲིད་དང་དྲིལ་བསྒྲགས་སོགས་བྱ་རྒྱུ་དང་།དུས་མཚུངས་སུ་རྒྱ་ཆེའི་མང་ཚོགས་དང་ཁེ་ལས་ཀྱི་ལས་བཟོ་བ་རྣམས་བདེ་འཇགས་ཐད་ཀྱི་ལས་དོན་ཁྲོད་ཧུར་ཐག་ཞུགས་རྒྱུར་སྐུལ་མ་བཏང་ནས་མི་ཚང་མས་བདེ་འཇགས་ལ་དོ་ཁུར་དང་མི་ཚང་མ་བདེ་འཇགས་ལས་དོན་ནང་ཞུགས་རྒྱུའི་རྣམ་པ་བཟང་པོ་ཞིག་ཆགས་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社