ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།གཞི་རིམ་བཅོས་སྐྱོང་གི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་གི་སྤུས་ཚད་སྔར་བས་མཐོ་རུ་གཏོང་བ་དང་། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཤེས་དཔལ་དང་བདེ་ཐང་གི་འཚོ་བའི་དར་སྲོལ་གསར་པ་འཛུགས་ཆེད། ན་ནིང་ཟླ་11པར་སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་ཁྲོམ་གཞུང་སྤང་ཕུ་གྲོང་ཚོས་དུད་སྦྲེལ་ཚན་པ་དམ་འཛིན་བྱ་གཞིར་བྱས་པ་དང་། ཏང་ཡོན་གྱིས་སྣེ་ཁྲིད་བྱ་རྒྱུ་ཚད་བརྒལ་དུ་བྱེད་པ། ཚད་འབེབས་སྐར་གསོག་ཚད་གཞིར་བྱས་ཏེ་རྣམ་པ་གསར་པའི“སྐར་གསོག་དངུལ་ཁང”ཁྱོན་ཡོངས་ནས་ཁྱབ་གདལ་དུ་བཏང་བ་དང་།“སྐར་གསོག་ཆུང་ངུས”གཞི་རིམ་བཅོས་སྐྱོང་གི“ནུས་པ་ཆེ་རུ”འགྲོ་རྒྱུར་སྐུལ་སློང་བྱས་པ་རེད།
ཞོགས་པ་སྔ་པོ་ནས་སྟོད་ལུང་བདེ་ཆེན་ཆུས་སྤང་ཕུ་གྲོང་ཚོའི་གྲོང་མི་ཚོ་གྲོང་ཚོ་ཨུ་ལྷན་དུ་འཛོམས་ཤིང་། ཉིན་དེར་ཚང་མས“སྐར་གསོག་དངུལ་ཁང”གི་ལམ་ལུགས་གཞིར་བཟུང་དང་བླངས་ཞབས་ཞུ་དང་མི་སྡོད་ཁོར་ཡུག་ལེགས་སུ་གཏོང་བ་དང་ཟུང་འབྲེལ་བྱས་ཏེ།གྲོང་ཚོའི་འགྲོ་ལམ་གཙང་འཕྱག་བྱེད་པའི་བྱེད་སྒོ་སྤེལ་བ་རེད། དེ་རྗེས་གཞི་རིམ་བཅོས་སྐྱོང་གི་སྒྲོག་འགྲེལ་ཁྲོད།གྲོང་མི་རྣམས་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ཁྲོད་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ། བྱ་སྤྱོད་ངོ་མའི་ཐོག་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱས་པ་རེད། མིག་སྔར། སྤང་ཕུ་གྲོང་ཚོར་སྐར་གསོག་ལམ་ལུགས་ཀྱི་དོ་དམ་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་སྟེ། གྲོང་མི་རྣམས་དང་བླངས་ཞབས་ཞུའི་བྱེད་སྒོ་དང་དེ་བཞིན་གྲོང་ཚོས་སྒྲིག་འཛུགས་བྱས་པའི་ཚོགས་འདུ་དང་།གསོ་སྦྱོང་། སྲིད་ཇུས་དྲིལ་བསྒྲགས་བཅས་ཀྱི་བྱེད་སྒོ་ཁག་ནང་ཧུར་ཐག་ཞུགས་ཡོད་མེད་དང་།གད་སྙིགས་གང་བྱུང་དུ་གཤོ་བ།རང་དགར་འཛུགས་སྐྲུན་བྱེད་པ།ལྗང་མདོག་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་ལག་ལེན་བསྟར་མིན་སོཊ་ཚང་མ་སྐར་གསོག་ལམ་ལུགས་ཀྱི་དཔྱད་ཞིབ་དམིཊ་ཚད་ནང་བཅུག་ནས་གྲོང་མི་རྣམས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་དང་།རང་འགུལ་རང་བཞིན་ཐད་སྐུལ་སློང་གང་ལེགས་བྱས་ཡོད། སྤང་ཕུ་གྲོང་ཚོའི་གྲོང་མི་ཕུན་ཚོགས་སྒྲོལ་དཀར་གྱིས་ད་ཆ་ང་ཚོས་ལས་ཀ་བྱེད་པར་ངར་ཤུགས་ཆེན་པོ་འདུག སྐར་བསགས་ལམ་ལུཊ་ལག་བསྟར་བྱས་པ་ནས་བཟུང་། ཚང་མས་ཚ་ཚ་འུར་འུར་ངང་ལས་ཀ་བྱེད་ཀྱི་ཡོད་ལ། གྲོང་ཚོའི་ཁོར་ཡུག་ཇེ་ལེགས་སུ་འགྲོ་བཞིན་ཡོད་པས་ང་ཚོས་ཀྱང་མུ་མཐུད་ཁོར་ཡུག་ལ་གཅེས་སྤྲས་ཡག་པོ་བྱས་ནས་གྲོང་ཚོ་ཇེ་ལེགས་སུ་གཏོང་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད།
གསར་འགོད་པས་སྤང་ཕུ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་སྒོ་རའི་ནང་རྣམ་པ་གསར་པའི“སྐར་གསོག་དངུལ་ཁང”གི་ཟོག་སྒྲོམ་ཐོག“ཨང་རྟགས་གསལ་པོར་བཀོད་པའི”གོས་འཁྲུད་གཤེར་ཁུ་དང་། འདག་ཆུ། སོ་སྨན། དབུགས་ལྡིར་སོགས་འཚོ་བའི་མཁོ་ཆས་གྲལ་འགྲིག་པོར་བཞག་ཡོད་པ་ཤེས་རྟོགས་བྱུང་བ། ད་ཆ་སྤང་ཕུ་གྲོང་ཚོའི་གྲོང་མི་ཚང་མར“རྣམ་པ་གསར་པའི་སྐར་གསོག་དངུལ་ཁང་གི་བཅོལ་འཛིན”རེ་ཡོད་པ་དང་།སྐར་མའི་ཁ་གྲངས་དང་བསྟུན་ནས་དུས་དང་རྣམ་པ་ཀུན་ཏུ་སྐར་གསོག་དངུལ་ཁང་ནང་འཚོ་བའི་མཁོ་ཆས་བརྗེ་བར་འགྲོ་ཆོག་གི་ཡོད་པ་རེད།
སྤང་ཕུ་གྲོང་ཚོའི་གྲོང་མི་པད་མ་གཡུ་སྒྲོན་གྱིས་དང་བླངས་ཞབས་ཞུའི་བྱེད་སྒོར་ཐེངས་གཅིག་ཞུགས་ཚེ་སྐར་མ་20ཐོབ་པ་དང་།སྐར་མ་མང་པོ་བསགས་ཚེ་ང་ཚོས་རང་ཉིད་ཀྱི་རྒྱུན་གཏན་འཚོ་བའི་ཁྲོད་མཁོ་བའི་དངོས་པོ་དང་བརྗེ་ཆོག་གི་ཡོད་ལ། དངུལ་སྤྲོད་མི་དགོས་པར་དངོས་པོ་བརྗེ་ཆོག་པས་སྟབས་བདེ་པོ་འདུག སྐར་གསོག་བརྗེ་ལེན་ལམ་ལུགས་མུ་མཐུད་ལག་བསྟར་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།
སྤང་ཕུ་གྲོང་ཚོས“སྐར་གསོག་དངུལ་ཁང”འགོ་འཛུགས་སར་བྱས་ཏེ། གྲོང་མི་ཚོས་རང་འགུལ་ངང་གཞི་རིམ་བཅོས་སྐྱོང་ནང་ཞུགས་པའི་ལམ་བུ་གསར་པ་ཞིག་འཚོལ་ཞིབ་ཧུར་ཐག་བྱས་པས་གྲོང་མིའི་དབར་རྩོད་པ་ཉུང་དུ་ཕྱིན་པ་དང་།ཕན་ཚུན་རོགས་རམ་བྱེད་མཁན་མང་དུ་ཕྱིན་པ།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社