分享按钮

སྙིགས་མེད་གྲོང་ཁྱེར་མཉམ་སྐྲུན་དང་སྙིགས་མེད་ས་མཐོ་མཉམ་སྤྱོད་བྱེད་པ།

རང་ལྗོངས་ཀྱིས་བྱེད་ཐབས་མང་པོ་སྤྱད་དེ་ས་ཁོངས་ཡོངས་ཀྱི་སྙིགས་མེད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པས་2023ལོའི་བོད་རང་སྐྱོང་ལྗོངས་ཀྱི་འབྱུང་ཁམས་ཁོར་ཡུག་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲཊ་ཚོཊ་འདུའི་ཐོག་ནས་ཤེས་རྟོཊ་བྱུང་བ་ལྟར་ན། རང་ལྗོངས་ཀྱིས་སྙིཊ་མེད་གྲོང་ཁྱེར་འཛུཊ་སྐྲུན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་སྙིཊ་མེད་གྲོང་ཁྱེར་འཛུཊ་སྐྲུན་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པ་དང་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུཊ་སྐྲུན་བྱེད་པའི་འགོ་འཛིན་ས་གལ་ཆེན་ཞིག་ཏུ་བརྩིས་ནས་ལས་དོན་ཁག་དོན་འཁྱོལ་ནུས་ལྡན་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། ས་ཁོངས་ཡོངས་ཀྱི་སྙིཊ་མེད་འཛུཊ་སྐྲུན་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་སྙིཊ་མེད་བཅོས་སྐྱོང་གི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་དང་སྙིཊ་མེད་ས་མཐོའི་ཚོད་ལྟའི་ཐད་འཚོལ་ཞིབ་ཧུར་ཐག་བྱ་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱིས་རིགས་གཅིག་མཁས་ཅན་གྱི་རོགས་སྐྱོར་དང་། ཟླ་རེར་བཀོད་གཏོང་། ཕན་འབྲས་ཚོད་སྐོར་སོགས་ཀྱི་བྱ་ཐབས་བརྒྱུད་ནས་གཙོ་གནད་ལས་དོན་ཁག་དོན་འཁྱོལ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། དེའི་ཁྲོད་ལྷ་ས་དང་། གཞིས་རྩེ། ལྷོ་ཁ་བཅས་ཀྱིས་སྔོན་ལ་སྙིགས་མེད་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་རང་ངོས་ཀྱི་དོན་དངོས་དང་འཚམ་པའི་སྙིགས་མེད་གྲོང་ཁྱེར་འཛུགས་སྐྲུན་གྱི་ཇུས་གཞི་བཟོས་པ་དང་། ཉིང་ཁྲི་དང་། ཆབ་མདོ། ནག་ཆུ། མངའ་རིས་བཅས་ཀྱིས་འཛུགས་སྐྲུན་གྱི་ཇུས་གཞི་བཟོ་བའི་ཐད་འབད་བརྩོན་ཧུར་ཐག་བྱས་ཏེ་གྲོང་ཁྱེར་གཅིག་ལ་ཐབས་ཇུས་གཅིག་དང་ས་ཁོངས་ཡོངས་ཀྱི་སྙིགས་མེད་འཛུགས་སྐྲུན་ལས་དོན་ཐད་སྐུལ་འདེད་ཏན་ཏིག་བཏང་བ་རེད། བཟོ་ལས་དང་། ཞིང་ལས། འཚོ་བ། འཛུགས་སྐྲུན། ཉེན་ཡོད་ཟོག་རོ་བཅས་སྲ་གཟུགས་ཟོག་རོ་རིགས་ཆེན་པོ་ལྔ་ཐག་གཅོད་བྱེད་པའི་ཐད་དམིགས་ནས་འབྱུང་འཕྲོད་བཟོ་གྲྭ་དང་། འབྱུང་འཕྲོད་གཏེར་རི་འཛུགས་སྐྲུན། འབྱུང་འཕྲོད་འཁོར་རྒྱུག་ཞིང་ལས་འཕེལ་རྒྱས་གཏོང་བ། གད་སྙིགས་རིགས་དབྱེ་ཐག་གཅོད་དང་བདེ་འཇགས་བེད་སྤྱོད་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། སྒྲིག་སྦྱོར་རྣམ་པའི་འཛུགས་སྐྲུན་དང་འབྱུང་འཕྲོད་ཨར་ལས་རྒྱུ་ཆ་ཁྱབ་གདལ་དང་བེད་སྤྱོད་གཏོང་བ། ཉེན་ཡོད་ཟོག་རོ་ཐག་གཅོད་རྣམ་གྲངས་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་གཏེར་ཁ་སྔོག་འདོན་གྱི་ཚུར་བསྡུའི་ཚད་དང་། གཏེར་འདེམས་ཚུར་བསྡུའི་ཚད། ཕྱོཊ་བསྡུས་བེད་སྤྱོད་བྱེད་ཚད་བཅས་ཆེས་ཆེར་མཐོ་རུ་ཕྱིན་པ་དང་། ཁེ་ལས་5རང་སྐྱོང་ལྗོངས་ཀྱི་འབྱུང་འཕྲོད་བཟོ་གྲྭར་བདམས་པ་དང་། སོག་མ་ཕྱོཊ་བསྡུས་བེད་སྤྱོད་བྱེད་ཚད་བརྒྱ་ཆ་96.14ཟིན་པ་དང་། ཞིང་སྤྱོད་འགྱིག་ཤོག་ཚུར་བསྡུ་བྱེད་ཚད་བརྒྱ་ཆ་88ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིཊ་གནོད་མེད་ཅན་དུ་བསྒྱུར་ནས་ཐག་གཅོད་བྱེད་ཚད་བརྒྱ་ཆ་98.85ཟིན་པ། ཉེན་ཡོད་ཟོག་རོ་ཐག་གཅོད་དང་བེད་སྤྱོད་བྱེད་པའི་ནུས་པ་དང་གྲུབ་འབྲས་ལྡབ་གཅིག་འཕར་ཡོད་པ་རེད།

གཞན་ཡང་། ད་དུང་རང་ལྗོངས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་གང་ལེགས་བྱས་ཏེ་ས་མཐོའི་སྙིགས་མེད་གྲོང་ཁྱེར་འཛུགས་སྐྲུན་ལས་དོན་གྱི་བསམ་ཕྱོགས་རྒྱ་ཆེར་གཏོང་གང་ཐུབ་བྱས་ནས་ས་གནས་དེ་གའི(གྲོང་ཁྱེར)ཁྱད་ཆོས་ལྡན་པའི་བཀྲག་མདངས་འཚེར་ས་བསྐྲུན་རྒྱུ་རེད། དཔེར་ན། ལྷ་ས་གྲོང་ཁྱེར་གྱིས་སྲ་གཟུགས་ཟོག་རོ་ཕྱོགས་བསྡུས་བེད་སྤྱོད་དང་ཐག་གཅོད་བྱེད་པའི་ཐོན་ལས་གླིང་བསྐྲུན་ནས་ལྗོངས་ཡོངས་ཀྱི་སྲ་གཟུགས་ཟོག་རོ་ཐག་གཅོད་དང་བེད་སྤྱོད་བྱ་རྒྱུར་དཔེ་མཚོན་བཏོད་ཡོད་པ་ལྟ་བུ་རེད།

སླད་ཕྱིན་རང་ལྗོངས་ཀྱིས་སྙིགས་མེད་ས་མཐོ་འཛུགས་སྐྲུན་བྱེད་སྟངས་ཐད་མུ་མཐུད་འཚོལ་ཞིབ་ཧུར་ཐག་བྱས་ནས“སྙིགས་མེད”ཀྱི་འདུ་ཤེས་དེ་ས་མཐོའི་རི་ཆུ་དང་། ཤིང་ནགས། ཞིང་ཁ། མཚོ། རྩྭ། བྱེ་མ། འཁྱགས་རོམ་སོགས་སྲུང་སྐྱོང་བྱེད་པའི་ཁྲོད་སྔར་བས་འདྲེས་ཐུབ་པར་བྱས་ནས་རྒྱལ་ཁབ་ཀྱི་འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་དང་། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་འདེགས་སྐྱོར་ཧུར་ཐག་བྱས་ནས་སྙིགས་མེད་གྲོང་ཁྱེར་མཉམ་དུ་འཛུགས་སྐྲུན་དང་སྙིགས་མེད་ས་མཐོ་མཉམ་སྤྱོད་བྱ་རྒྱུ་ཡིན་པ་རེད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-14 རང་ལྗོངས་ཀྱིས་བྱེད་ཐབས་མང་པོ་སྤྱད་དེ་ས་ཁོངས་ཡོངས་ཀྱི་སྙིགས་མེད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ། 6 6 拉萨日报藏文 c182839.html 1 སྙིགས་མེད་གྲོང་ཁྱེར་མཉམ་སྐྲུན་དང་སྙིགས་མེད་ས་མཐོ་མཉམ་སྤྱོད་བྱེད་པ། /enpproperty-->