ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་12ཉིན་གློག་འཕྲིན་འབྱོར་གསལ།ཉེ་དུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་དང་། ཆིང་ཧྭ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་ཡའོ་ཆི་ཀྲིར་འཕྲིན་ལན་སྤྲིངས་ནས་ཁོང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་དང་འབྲེལ་ཐུགས་རེ་ནན་པོ་བཅོལ་གནང་ཡོད།
ཞི་ཅིན་ཕིང་གི་འཕྲིན་ལན་ནང་། ཁྱེད་རང་རྒྱལ་ནང་དུ་ཕྱིར་ལོག་གནང་སྟེ་མི་ལོ་20ཡི་རིང་དགེ་རྒན་གྱི་ཕྱག་ལས་གནང་རིང་། རྒྱལ་གཅེས་ཀྱི་བརྩེ་སེམས་དེ་རྒྱལ་ཁབ་ལ་སྲི་ཞུ་སྒྲུབ་པའི་ཐོག་ནས་མཚོན་པར་གནང་བ་དང་། ཆིང་ཧྭ་སློབ་ཆེན་དུ་བློ་གཅིག་སེམས་གཅིག་གིས་ཤེས་རིག་གི་ས་བོན་བཏབ་ཞིང་། ལྷག་བསམ་གྱི་ལེགས་སྐྱེས་ཕུལ་བ་དང་། ཤེས་བྱས་སློབ་བུ་སྐྱོང་ཞིང་། ཚན་ཞིབ་གསར་གཏོད་གནང་བ་བཅས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་པས། ཁྱེད་རང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།
ཞི་ཅིན་ཕིང་གིས་ཁྱེད་རང་གིས་ཐོག་མའི་བསམ་འདུན་ཡིད་ལ་བརྟན་པོར་འཆང་བ་དང་། (པར་ངོས་གསུམ་པར་གཟིཊ)
འཕྲིན་ལན།
སྐུ་ཞབས་ཡའོ་ཆི་ཀྲི་ལགས།
ཁམས་བཟང་། ཁྱེད་རང་གི་འཕྲིན་ལན་འབྱོར་བྱུང་།ཁྱེད་རང་རྒྱལ་ནང་དུ་ཕྱིར་ལོག་གནང་སྟེ་མི་ལོ་20ཡི་རིང་དགེ་རྒན་གྱི་ཕྱག་ལས་གནང་རིང་། རྒྱལ་གཅེས་ཀྱི་བརྩེ་སེམས་དེ་རྒྱལ་ཁབ་ལ་སྲི་ཞུ་སྒྲུབ་པའི་ཐོག་ནས་མཚོན་པར་གནང་བ་དང་། ཆིང་ཧྭ་སློབ་ཆེན་དུ་བློ་གཅིག་སེམས་གཅིག་གིས་ཤེས་རིག་གི་ས་བོན་བཏབ་ཞིང་། ལྷག་བསམ་གྱི་ལེགས་སྐྱེས་ཕུལ་བ་དང་། ཤེས་བྱ་ཡིས་སློབ་བུ་སྐྱོང་ཞིང་། ཚན་ཞིབ་གསར་གཏོད་གནང་བ་བཅས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་པས། ཁྱེད་རང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན།
ཁྱེད་རང་གིས་ཐོག་མའི་བསམ་འདུན་ཡིད་ལ་བརྟན་པོར་འཆང་བ་དང་། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གྱིས་ཚང་མའི་སྣེ་ཁྲིད་དེ་ཤེས་ལྡན་མི་སྣ་རང་བདག་གསོ་སྐྱོང་བྱེད་སྟངས་མུ་མཐུད་འཚོལ་ཞིབ་གསར་གཏོད་བྱེད་པ་དང་། རིག་ཚན་སྣོལ་སྦྲེལ་དང་མདུན་གྲལ་གསར་གཏོད་ལ་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཚན་རྩལ་གསར་གཏོད་རྟེན་གཞི་གཏོད་པ་བཅས་ཀྱིས་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་དང་རང་སྟོབས་རང་སྤེལ་མངོན་འགྱུར་ཡོང་བ་དང་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་དང་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད།
སྐུ་ཉིད་སྐུ་གཟུགས་གསལ་ཐང་དང་། བྱ་བ་ལམ་འགྲོ། ཁྱིམ་ཚང་འཆམ་མཐུན་བཅས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།
ཞི་ཅིན་ཕིང་གིས།
2024ལོའི་ཟླ་6ཚེས་11ཉིན།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་12ཉིན་གློག་འཕྲིན་འབྱོར་གསལ།
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社