分享按钮

ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཉོ་འཚོང་དང་གོང་འཕེལ་གྲོས་ཚོགས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་འགོ་ཚུགས་མཛད་སྒོར་བརྙན་ལམ་བརྒྱུད་ཤིས་ཚིག་གསུངས་པ།

ཟླ་6ཚེས་12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཉོ་འཚོང་དང་གོང་འཕེལ་གྲོས་ཚོགས་དབུ་བཪྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་འགོ་ཚུགས་མཛད་སྒོར་བརྙན་ལམ་བརྒྱུད་ཤིས་ཚིག་གསུངས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་12ཉིན་གློག་འཕྲིན་འབྱོར་གསལ།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་6ཚེས་12ཉིན་མཉམ་འབྲེལ་རྒྱལ་ཚོགས་ཉོ་འཚོང་དང་གོང་འཕེལ་གྲོས་ཚོགས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་འགོ་ཚུགས་མཛད་སྒོར་བརྙན་ལམ་བརྒྱུད་ཤིས་ཚིག་གསུངས་པ་རེད།

ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོཊ་ཉོ་འཚོང་དང་གོང་འཕེལ་གྲོས་ཚོགས་དབུ་བརྙེས་ནས་ལོ་ངོ་60སོང་རིང་། ཐུན་མོང་དར་རྒྱས་ཀྱི་དམིགས་འབེན་རྒྱུན་འཁྱོངས་བྱས་ཐོག གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་དབར་གྱི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། ལྷོ་བྱང་སྐད་ཆ་ཤོད་རེས་དར་སྤེལ་བཏང་བ། རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་ལམ་གསར་པ་འཛུགས་རྒྱུར་སྐུལ་འདེད་བཏང་བ་བཅས་བྱས་ཏེ། གོ་ལ་ཧྲིལ་པོའི་ཉོ་འཚོང་དང་གོང་འཕེལ་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འགྲོ་བཞིན་ཡོད་པས། ཞི་བདེ་དང་གོང་འཕེལ་ལ་འགྲན་སློང་གསར་པ་འཕྲད་ཡོད། ང་ཚོས་ལོ་རྒྱུས་དང་མི་དམངས་ལ་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་ཁ་ཕྱོགས་གསལ་པོར་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས་ཞི་བདེ་གོང་འཕེལ་གྱི་རྒྱལ་སྤྱིའི་ཁོར་ཡུག་གཏོད་དགོས། རྒྱལ་ཁབ་ཁག་དང་ལྷག་པར་དུ་རྒྱལ་ཁབ་ཆེན་པོས་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ་དང་། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དར་སྤེལ་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་རྩ་འཛིན་གྱི་དམིགས་འབེན་དང་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུ་བ་བཅས་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉོ་འཚོང་དང་གོང་འཕེལ་གྲོས་ཚོགས་སོགས་ཕྱོགས་མང་སྒྲིག་གཞིས་ནུས་པ་སྔར་ལས་ལྷག་པ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱ་དགོས་ཞེས་བསྟན་གནང་ཡོད།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-14 6 6 拉萨日报藏文 c182834.html 1 ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཉོ་འཚོང་དང་གོང་འཕེལ་གྲོས་ཚོགས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་འགོ་ཚུགས་མཛད་སྒོར་བརྙན་ལམ་བརྒྱུད་ཤིས་ཚིག་གསུངས་པ། /enpproperty-->