分享按钮

ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་2024ལོའི་གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་གཙོ་སྐྱོང་གནང་སྐབས།

ནུས་ཤུཊ་ཡོད་རྒུས་རྣམ་གྲངས་ལ་དམ་འཛིན་དང་།ལས་འགོ་འཛུཊ་རྒྱུར་སྐུལ་འདེད།མྱུར་ཚད་ལ་དམ་འཛིན་བཅས་བྱས་ནས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ཐད་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་པར་འགན་ལེན་བྱེད་དགོས་པའི་ནན་གསུངས་གནང་བ།

ཝང་ཆང་དང་། ཀྲའོ་ཧུའེ་ཉན། ཁྲེན་ཅིང་། ཧོ་ཕུང་།འཇམ་དབྱངས་བློ་གྲོས་བཅས་ཚོཊ་འདུར་ཞུཊ་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་12ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་2024ལོའི་གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ།རྣམ་གྲངས་ལ་དམ་འཛིན་བྱེད་པ་ནི་དཔལ་འབྱོར་ལ་དམ་འཛིན་བྱེད་པའི་འདུ་ཤེས་བརྟན་པོར་འཛུགས་དགོས་པ་དང་། དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་བཏང་ནས་ནུས་ཤུགས་ཡོད་རྒུས་རྣམ་གྲངས་ལ་དམ་འཛིན་བྱེད་པ་དང་། ལས་འགོ་འཛུགས་རྒྱུར་སྐུལ་འདེད་གཏོང་བ། མྱུར་ཚད་ལ་དམ་འཛིན་བཅས་བྱས་ཏེ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ཐད་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་པར་འགན་ལེན་བྱས་ཐོག་གྲངས་གཞིའི་དམིགས་ཚད་ཀྱི་རྨང་གཞི་བརྟན་པོར་འདིང་དགོས་པའི་ནན་གསུངས་གནང་བ་རེད།

གྲོང་ཁྱེར་གྱི་འགོ་ཁྲིད་ཝང་ཆང་དང་། ཀྲའོ་ཧུའེ་ཉན། ཁྲེན་ཅིང་། ཧོ་ཕུང་། འཇམ་དབྱངས་བློ་གྲོས། ཀྲང་ཏིང་ཁྲེང་། ཞུས་ཧའེ། ལི་ཅང་ཤིན། ཀྲང་ཁྲུན་དབྱང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

ཤའོ་ཡིའུ་ཚའེ་ཡིས་ནན་གསུངས་གནང་དོན།གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བ་ཡོད་ལ་དམངས་འཚོའི་བདེ་སྐྱིད་ལེགས་སུ་གཏོང་རྒྱུ་དང་ཡང་འབྲེལ་བ་ཡོད་པས།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-14 ཝང་ཆང་དང་། ཀྲའོ་ཧུའེ་ཉན། ཁྲེན་ཅིང་། ཧོ་ཕུང་།འཇམ་དབྱངས་བློ་གྲོས་བཅས་ཚོཊ་འདུར་ཞུཊ་པ། ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་2024ལོའི་གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་གཙོ་སྐྱོང་གནང་སྐབས། 6 6 拉萨日报藏文 c182832.html 1 ནུས་ཤུཊ་ཡོད་རྒུས་རྣམ་གྲངས་ལ་དམ་འཛིན་དང་།ལས་འགོ་འཛུཊ་རྒྱུར་སྐུལ་འདེད།མྱུར་ཚད་ལ་དམ་འཛིན་བཅས་བྱས་ནས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ཐད་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་པར་འགན་ལེན་བྱེད་དགོས་པའི་ནན་གསུངས་གནང་བ། /enpproperty-->