分享按钮

ཝང་ཆང་གིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་12ཉིན།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་བཟོ་སྐྲུན་ལས་རིགས་ཀྱི་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་བྱ་སྤྱོད་ཇུས་གཞི་སོགས་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་གནང་བ་དང་། ལྷ་ས་གྲོང་ཁྱེར་གྱི་བཟའ་བཅའི་བདེ་འཇགས་དང་ཆུ་སྲུང་འཛིན་དང་བེད་སྤྱོད་ལེགས་པའི་གྲོང་ཁྱེར་དཔེ་སྟོན་འཛུགས་སྐྲུན་ལས་དོན་གྱི་གནས་ཚུལ་ལ་གསན་པ་མ་ཟད།

ལྷ་ས་གྲོང་ཁྱེར་གྱི་ལོ་རྒྱུས་འཛུགས་སྐྲུན་གྱི་མིང་ཐོ་གཏན་འཁེལ་སོགས་ཀྱི་དོན་དག་ལའང་གྲོས་ཞིབ་གནང་བ་རེད།

ཚོགས་འདུའི་ཐོག་བཟོ་སྐྲུན་ལས་རིགས་གྲངས་འཛིན་ཅན་དུ་འགྱུར་བར་བྱ་རྒྱུ་དེ་བཟོ་ལས་ཅན་གསར་པར་སྐུལ་འདེད་གཏོང་བ་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལྷ་སའི་དོན་དངོས་དང་ཟུང་འབྲེལ་བྱས་ནས“གྲངས་གཞི”གཞིར་བཟུང་ལྷ་སའི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་གཞི་གཅིག་ཅན་གྱི་གྲངས་གཞིའི་ལྟེ་གནས་ཆེ་གྲས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་དགོས།“གྲངས་གཞིའི”ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་མགྱོགས་མྱུར་ཐོན་ལས་གྲངས་འཛིན་ཅན་དུ་འགྱུར་བར་སྐུལ་འདེད་ཧུར་ཐག་གཏོང་བ་དང་སྲོལ་རྒྱུན་ཐོན་ལས་གྲངས་འཛིན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། གྲངས་གཞི་སྤྱད་དེ་ཐོན་ལས་འཕེལ་རྒྱས་ལ་ནུས་པ་ཐོན་པ།“གྲངས་གཞིར”བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བ་དང་།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-14 6 6 拉萨日报藏文 c182831.html 1 ཝང་ཆང་གིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ། /enpproperty-->