分享按钮

སློབ་སྦྱོང་གི་རྣམ་པ་ཕུན་སུམ་ཚོགས་སུ་བཏང་སྟེ་ཉེན་ཟོན་སློབ་གསོར་ཤུགས་སྣོན་རྒྱག་པ།

རང་ལྗོངས་ཀྱིས་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ།

བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ནས་གནས་ཚུལ་འབྱོར་གསལ། སྒྲིག་ཁྲིམས་ནི་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་བའི“གཅུན་ལྕག”ཅིག་ཡིན་ལ། ཏང་ཡོན་ལས་བྱེད་པས་རང་ངོས་ཀྱི་བྱ་སྤྱོད་ལ་ཚོད་འཛིན་བྱེད་པའི་ཚད་གཞི་དང་གཞི་འཛིན་ས་ཞིག་ཀྱང་ཡིན། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་འགོ་བཙུགས་ཚུན། རང་ལྗོངས་ཀྱི་ས་གནས་ཁག་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་། སྒྲིག་འཛུཊ་དང་ལག་བསྟར་ཞིབ་ཚགས་བྱས་ཏེ་སློབ་སྦྱོང་གི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ་དང་ཉེན་ཟོན་སློབ་གསོ་གཏོང་ཤུཊ་ཆེ་རུ་བཏང་སྟེ།རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སྒྲིག་ཁྲིམས་དང་སྒྲིག་སྲོལ་སེམས་ལ་འཇཊ་པར་བྱས་ནས་ལག་ལེན་བསྟར་རྒྱུར་ཁྲིད་སྟོན་བྱས་ཡོད།

ཉེན་ཟོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་ཆེད། ཉེ་ཆར། གུང་གཞོན་སྡེ་ཚོགས་གོ་འཇོ་རྫོང་ཨུ་ཡོན་ལྷན་ཁང་གིས་རྫོང་ཡོངས་ཀྱི་གཞོན་ནུ་ཏང་ཡོན་ལས་བྱེད་པ་27སྒྲིག་འཛུགས་བྱས་ནས་ཆབ་མདོ་གྲོང་ཁྱེར་སྲིད་གཙང་སློབ་གསོའི་རྟེན་གཞིར་མཉམ་སྡེབ་ལྟ་སྐོར་བྱས་ཏེ་སྲིད་གཙང་སློབ་གསོ་དང་ལེན་བྱས་པ་རེད། ཆབ་མདོ་གྲོང་ཁྱེར་གྱི་སྲིད་གཙང་སློབ་གསོའི་རྟེན་གཞིའི་གསོན་ཉམས་དོད་པའི་གྱོད་དཔེ་རེ་རེ་དང་མི་རྣམས་རྨོངས་གཉིད་ལས་སད་པའི་འགྱོད་བཤགས་ཡི་གེ་རེ་རེ་ལས་དེ་གར་ཡོད་པའི་ན་གཞོན་ཏང་ཡོན་ལས་བྱེད་པ་ཚང་མར་བསམ་བློའི་སློབ་གསོ་དང་།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-14 སློབ་སྦྱོང་གི་རྣམ་པ་ཕུན་སུམ་ཚོགས་སུ་བཏང་སྟེ་ཉེན་ཟོན་སློབ་གསོར་ཤུགས་སྣོན་རྒྱག་པ། 6 6 拉萨日报藏文 c182830.html 1 རང་ལྗོངས་ཀྱིས་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ། /enpproperty-->