ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར།བོད་རང་སྐྱོང་ལྗོངས་ས་གནས་དངུལ་རྩ་དོ་དམ་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་ཀྲུང་གོ་བཟོ་ཚོང་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང(གཤམ་དུ་བོད་ལྗོངས་བཟོ་ཚོང་དངུལ་ཁང་ཞེས་བསྡུ་རྒྱུ)གིས་སྒྲུབ་འགན་འཁུར་བའི་གླིང་ཁུལ་གྱི་eདངུལ་བུན་དང་དངུལ་རྩའི་ཞབས་ཞུའི་སྐལ་བཟང་མེ་ཏོག་བྱ་སྤྱོད་ཇུས་གཞིའི་མ་དངུལ་བསྡུ་སྒྲིལ་འབྲེལ་མཐུད་ཡོངས་བསྒྲགས་ཚོགས་འདུ་ལྷ་སར་འཚོགས་པ་རེད།
བོད་ལྗོངས་བཟོ་ཚོང་དངུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཧང་ཀྲང་སུན་ཀྲན་གོས་འདི་ལོའི་ཟླ་5པའི་ཟླ་མཇུག་བར་བོད་ལྗོངས་བཟོ་ཚོང་དངུལ་ཁང་གིས་ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་དང་། ལྷ་ས་མཐོ་གསར་ཁུལ(སྣེའུ་ཁུལ་གསར)བོད་རིག་གནས་ཡུལ་སྐོར་གསར་གཏོད་གླིང་སོགས་ཚོད་ལྟའི་གླིང་ཁུལ་དུ་“གླིང་ཁུལ་eདངུལ་བུན”སྒོར་ཁྲི་5000ལྷག་ཙམ་བཏང་བ་དང་།གླིང་ཁུལ་གྱི་ཁེ་ལས་ལ་མ་དངུལ་བསྡུ་སྒྲིལ་སྣ་ཚོགས་སྒོར་དུང་ཕྱུར་3མཁོ་འདོན་བྱས་ཡོད།“གླིང་ཁུལ་eབུན་ལེན”གྱིས་དངུལ་ཁང་དང་། ཁག་ཐེག ཐེབས་རྩ། གླིང་ཁུལ་བཅས་ཀྱི་ཕྱོགས་མང་པོའི་མཉམ་ལས་རྣམ་པ་བརྒྱུད་གླིང་ཁུལ་གྱི་ཁེ་ལས་ལ་གཏའ་མ་མེད་པ་དང་། དྲ་ཐོག་ཅན། ལས་ཕྱོད་ཆེ་བའི་མ་དངུལ་བསྡུ་སྒྲིལ་ཐོན་རྫས་མཁོ་འདོན་བྱས་པས་ཁེ་ལས་ཀྱི་མ་དངུལ་འཁོར་རྒྱུག་གི་དགོས་མཁོ་དུས་ཐུང་དང་། མང་བ། ཛ་དྲག་བཅས་ཀྱི་དགོས་མཁོ་ནུས་ལྡན་བསྐངས་པར་བརྟེན་ཁྲོམ་རའི་གདེང་འཇོག་བཟང་པོ་དང་ཁས་ལེན་ཐོབ་ཡོད།
བོད་ལྗོངས་ཏེ་རུའེ་རིག་གནས་ཚན་རྩལ་གསར་གཏོད་འཕེལ་རྒྱས་ཚད་ཡོད་ཀུང་སིའི་སྲོལ་གཏོད་པ་མཁྱེན་ལྡན་མ་ཐང་ལགས་ཀྱིས“གླིང་ཁུལ་eདངུལ་བུན”གསར་གཏོད་བྱས་ནས་ང་ཚོའི་ཁེ་ལས་ལ་མ་དངུལ་བསྡུ་སྒྲིལ་དཀའ་བའི་གནད་དོན་ཐག་གཅོད་ཐུབ་པས།སྲིད་གཞུང་དང་། དངུལ་ཁང་། ཁག་ཐེག་སོགས་ཕྱོགས་མང་པོའི་སྲུང་སྐྱོབ་འོག་ང་ཚོའི་ཁེ་ལས་དེ་བས་ཡུན་རིང་བའི་འཚོ་གནས་དང་དེ་བས་ལེགས་པའི་འཕེལ་རྒྱས་ཡོང་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བཤད།
དེ་དང་ཆབས་ཅིག་བོད་ལྗོངས་བཟོ་ཚོང་དངུལ་ཁང་གིས་སྐལ་བཟང་མེ་ཏོག་བྱ་སྤྱོད་ཀྱི་མིང་ཐོའི་ནང་གི་ཁེ་ལས་ལ་ཆེད་གཏོགས་དངུལ་རྩའི་ཇུས་གཞི་བཟོས་པ་དང་།ཇུས་གཞི་དེས་ཚོགས་པའི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་མ་ལག་ཅན་དང་། རྣམ་པ་ཅན། སྐྱེ་ཁམས་ཅན། ཆེད་ལས་ཅན་བཅས་ཀྱི་ཁྱད་ཆོས་མངོན་གསལ་དོད་དུ་བཏང་ནས་ཕྱི་ནང་དང་། ས་ཁུལ་གྱི་ཕྱི་རྒྱལ་གྱི་དངུལ། ས་ཁོངས་ཕྱི་ནང་། ཐད་ཀར་དང་བརྒྱུད་རྒྱུད། དངུལ་རྩ་དང་དངུལ་རྩ་མིན་པ་བཅས་ཀྱི་ཆ་ཚང་བ་དང་། བརྒྱུད་རིམ་ཧྲིལ་པོ། ཕྱོགས་ཡོངས་བཅས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཡོད། བྱེད་སྒོའི་རིང་བོད་རང་སྐྱོང་ལྗོངས་ས་གནས་དངུལ་རྩ་དོ་དམ་ཅུས་དང་བོད་ལྗོངས་བཟོ་ཚོང་དངུལ་ཁང་དབར་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་དང་།བོད་ལྗོངས་བཟོ་ཚོང་དངུལ་ཁང་གིས་མཉམ་ལས་ཁེ་ལས་ཁག་གཅིག་ལ་ཡུལ་དངོས་སུ་ཡིད་རྟོན་སྤྲད་པ།རང་སྐྱོང་ལྗོངས་ཀྱི་གཙོ་གནད་ཁྲོམ་རར་བཏོན་པའི་རྗེས་གྲབས་ཁེ་ལས་དང་འདོད་བློ་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་བཅས་རེད།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社