分享按钮

དབྱི་ཐཱན་གྲངས་འཛིན་ཚན་ཁག་གིས་ཐཱན་རྩིས་དེ་ཤིང་གི་ལྷུ་ལག་སྒྲིག་པ་དང་འདྲ་བར་སྟབས་བདེ་པོ་ཡོད་ཅེས་བསྟན།

ཐཱན་གཉིས་དམིགས་ཚད་ཀྱི་སྐུལ་འདེད་འོག་རྒྱལ་ནང་ཁེ་ལས་ཀྱི་ཐཱན་ཉུང་གཏོང་གི་དགོས་མཁོ་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ཐཱན་གྱི་གཞི་གྲངས་གནད་ལ་འཁེལ་བའི་ཚད་འབེབས་ནི་ཁེ་ལས་ཀྱིས་འབྱུང་འཕྲོད་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བའི་རྨང་གཞི་ཞིག་རེད།

འོན་ཀྱང་ཐཱན་འབུད་ལས་དོན་སྒྲུབ་པ་ནི་ལས་སླ་པོ་ཞིག་མིན།

ཧྲང་ཧའེ་དབྱི་ཐཱན་གྲངས་འཛིན་ཚན་རྩལ་ཚད་ཡོད་ཀུང་སིས་རང་བདག་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་ནས་ལྷུ་སྒྲིགLCAསྤྲིན་རྩིས་ཞེས་པའི་རང་རྒྱལ་གྱིས་བཟོས་པའི་བཟོ་ལས་ཀྱི་མཉེན་ཆས་ཤིག་ཞིབ་འཇུག་གསར་སྤེལ་བྱས་ནས་ཁེ་ལས་ཀྱིས་ཐཱན་གྱི་རྗེས་ཤུལ་ཡག་པོ་བརྩི་རྒྱུར་རོགས་རམ་བྱས་ཡོད། མཉེན་ཆས་དེར་བརྟེན་ནས་ཁེ་ལས་ཀྱིས་རང་བདག་ངང་བཟོ་རྩལ་དཔེ་དུམ་མང་ཉུང་གང་རུང་དུ་གཏོང་ཆོག་པ་དང་། མཐེབ་གཅིག་གིས་ཐཱན་གྱི་རྗེས་ཤུལ་སྙན་ཞུ་གྲུབ་ཆོག་པས་བརྒྱུད་རིམ་ཧྲིལ་པོ་ཁ་གསལ་དང་ཁུངས་འདེད་ཆོག་གི་ཡོད་པ་རེད། དབྱི་ཐཱན་གྲངས་འཛིན་ཚན་ཁག་གི་ཏུང་ཧྲི་ཀྲང་ཀྲོའུ་ཅིང་གིས་བཤད་པའི་སྐད་ཆའི་ཐོག་ནས་བརྗོད་ན། མཉེན་ཆས་དེ་ཁེ་ལས་ཀྱིས་ཐཱན་རྩིས་རྒྱག་པའི་དཀའ་གནད་ལ་དམིགས་ཡོད་པས་ཐཱན་རྩིས་རྒྱག་པ་དེ་ཤིང་གི་ལྷུ་ལག་སྒྲིག་པ་དང་འདྲ་བར་སྟབས་བདེ་པོ་ཡོད་པ་རེད།

ཀྲོའུ་ཅིང་གིས་གསར་གཏོད་ཚོགས་པའི་ཁོངས་མི་ཚང་མ་ཐོན་ལས་ཀྱི་འཐབ་ཕྱོགས་དང་པོ་ནས་ཡོང་ཞིང་། བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་ཤིག་གི་ངོས་ནས་བརྗོད་ན། ཐཱན་རྩིས་རྒྱག་པའི་དཀའ་གནད་ནི་ལག་ཆ་དང་ཤེས་ལྡན་མི་སྣ་ཡིན་པ་ཤེས་ཀྱི་ཡོད་ཅེས་བཤད།

ཐཱན་རྩིས་རྒྱག་གི་ལག་ཆ་དཀོན་པའི་དབང་གིས་རྒྱལ་ནང་གི་ཁེ་ལས་ཀྱིས་ཕྱི་རྒྱལ་གྱི་བཟོ་ལས་མཉེན་ཆས་ཁ་ཤས་སྤྱད་དེ་ཐཱན་རྩིས་རྒྱག་གི་ཡོད་མོད། འོན་ཀྱང་བཀོལ་སྤྱོད་ཐད་དཀའ་ངལ་ཧ་ཅང་ཆེ་བར་མ་ཟད། ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཀྱི་དགོས་མཁོ་དང་གནད་ལ་འཁེལ་བའི་སྒོ་ནས་འཚམ་ཁག་པོ་ཡོད་པ་རེད།

ཀྲོའུ་ཅིང་གིས་ལྷུ་སྒྲིགLCAསྤྲིན་རྩིས་ཞེས་པ་ནི་ཤིང་ལ་ཚད་འཇལ་བ་དང་། གཅོད་འབྲེག བརྡར་ནས་ཤིང་གི་ལྷུ་ལག་རེ་རེ་བཞིན་བསྐྲུན་པ་དང་འདྲ་བར་ཁེ་ལས་ཀྱིས་རང་ཉིད་ཀྱི་བཟོ་རྩལ་གནས་ཚུལ་དང་རྩིས་རྒྱག་གི་དགོས་མཁོར་གཞིཊ་ནས་དེ་མཚུངས་ཀྱི་ཤིང་གི་ལྷུ་ལག་བསྒྲིགས་ནས་རྩིས་རྒྱག་དཔེ་དབྱིབས་ཆ་ཚང་ཞིག་ཆཊ་ཐུབ་ཅེས་བཤད།

གསར་འགོད་པས་ལས་དོན་པ་ཞིག་གིས་བཀོལ་སྤྱོད་དཔེ་སྟོན་བྱས་པར་བརྟེན་ནས་ལྷུ་སྒྲིགLCAསྤྲིན་རྩིས་ཞེས་པའི་ནང་འཛུལ་རྗེས།བཟོ་ལས་ཁེ་ལས་ཀྱི་རྙོག་འཛིང་ཆེ་བའི་བཟོ་སྐྲུན་བཟོ་རྩལ་བརྒྱུད་རིམ་ལ་གཞིགས་ནས། མཉེན་ཆས་དེས་ལྷུ་ཚིགས་རེ་རེའི་ཐོན་སྐྱེད་བཟོ་རྩལ་ཚང་མར་རང་ཚུགས་ཀྱི་ཐཱན་འབུད་ཚད་ལ་དབྱེ་ཞིབ་དང་ཚད་འབེབས་བྱས་ནས་བཟོ་རྩལ་གཅིག་ཐཱན་རྩིས་རྒྱག་གི་རྨང་གཞིའི་ཚན་པར་གྱུར་བ་དང་། ཁེ་ལས་ཀྱི་ལས་མིས་བཟོ་རྩལ་ལམ་ཐིག་དངོས་ལ་གཞིགས་ནས་དེ་མཚུངས་ཀྱི་ཐཱན་རྩིས་རྒྱག་རྨང་གཞིའི་སྡེ་ཚན་དེ་ཤིང་གི་ལྷུ་ལག་སྒྲིག་པ་ལྟར་སྒྲིག་སྦྱོར་བྱས་ན་འགྲིག་པས་ཐཱན་རྩིས་རྒྱག་གི་སྟབས་བསྟུན་རང་བཞིན་དང་གནད་འཁེལ་རང་བཞིན་ཆེ་རུ་ཤུགས་ཆེན་ཕྱིན་ཡོད་པ་རེད།

མིག་སྔར། མཉེན་ཆས་འདི་བཟོ་སྐྲུན་ལས་རིགས་ཀྱི་འཐབ་ཕྱོགས་དང་པོའི་ཁྲོད་དུ་བཀོལ་སྤྱོད་བྱེད་བཞིན་ཡོད།

ཧྲང་ཧའེ་པའོ་ཀང་ཐུམ་སྒྲིལ་མ་རྐང་ཚད་ཡོད་ཀུང་སིའི་ཐོན་སྐྱེད་རྟེན་གཞིར་ལྕཊ་ཀྲིན་རྡེབ་པ་དང་། འཐེན་པ། མཐའ་འཁོར་བཟོ་བཅོས། ཞབས་པར་དང་རྩི་བྱུག་པ། སྐེ་འཁུམ་དང་མཐའ་འཁོར་སློག་པ། ཕུང་གསོག་ཐུམ་སྒྲིལ་སོགས་ཐོན་སྐྱེད་བྱེད་པའི་ལྕགས་ཀྲིན་གྱི་ཐོན་སྐྱེད་ལམ་ཐིག་ཅིག་གོ་རིམ་ལྡན་པའི་སྒོ་ནས་འཁོར་སྐྱོད་བྱེད་བཞིན་ཡོད་པ་རེད། སྤྱི་ལེ་15ཡི་ཕྱི་རོལ་གྱི་གཞུང་ལས་ཐོག་བརྩེགས་ཁང་ཆེན་དུ་ལྷུ་སྒྲིག་LCAསྤྲིན་རྩིས་ཞེས་པའི་ནང་ཁེ་ལས་ཀྱི་བཟོ་སྐྲུན་ཆེན་མོའི་གློག་ཀླད་ནང་ཐོན་སྐྱེད་ལས་རིམ་ཚང་མར་ཐོན་པའི་ཐཱན་འབུད་ཚད་མངོན་གྱི་ཡོད་པ་དང་མ་ལག་གིས་ད་དུང་མཐེབ་གཅིག་གིས་ཐོན་རྫས་དེའི་ཐཱན་གྱི་རྗེས་ཤུལ་སྙན་ཞུ་བཟོ་ཐུབ་ཀྱི་ཡོད།

རང་རྒྱལ་ནས་བཟོས་པར་མ་ཟད།སྤྱོད་བདེ་བའི་ཐཱན་རྩིས་རྒྱག་མཉེན་ཆས་ཤིག་གིས་རྒྱལ་ནང་གི་ཐོན་ལས་ཕྱོགས་སྒྱུར་དང་རྒྱལ་སྤྱིའི་འབྱུང་འཕྲོད་ཚོང་དོན་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་རེད།

དཔལ་འབྱོར་གྱི་རིན་ཐང་དང་སྐྱེ་ཁམས་ཀྱི་རིན་ཐང་ཐོན་པ། དབྱི་ཐཱན་ཚན་རྩལ་ལ་དེ་སྔ་བཟོ་སྐྲུན་ལས་རིགས་ཀྱི་མཁོ་མཁན་ཞིག་ཡོད་པ་དང་། དེའི་ཐོན་སྐྱེད་སྒྲིག་ཆས་ལོ་མང་བེད་སྤྱོད་བྱས་པ་དང་ནུས་རྒྱུ་ཟད་གྲོན་ཧ་ཅང་ཆེན་པོ་ཡོད་མོད། འོན་ཀྱང་སྒྲིག་ཆས་རིམ་སྤོར་ལ་མ་འཇོག་ཧ་ཅང་ཆེན་པོ་བྱེད་དགོས་པས་ཁེ་ལས་ཀྱིས་ཐག་གཅོད་མ་ཐུབ་པར་ལུས། ཐཱན་རྩིས་རྒྱག་མཉེན་ཆས་ནང་འདྲེན་བྱས་རྗེས་ཁེ་ལས་ཀྱིས་གལ་ཏེ་སྒྲིག་ཆས་བརྗེས་ཚེ་ལོ་གཅིག་དང་ཕྱེད་ཀའི་ནང་གྲོན་ཆུང་བྱས་པའི་གློག་རིན་དེ་སྒྲིག་ཆས་གསར་པ་ཉོ་བའི་འགྲོ་གྲོན་དང་མཚུངས་ཀྱི་ཡོད་པ་ཤེས་རྟོགས་བྱུང་བས་སྒྲིག་ཆས་རིམ་སྤོར་བྱ་རྒྱུའི་ཐག་བཅད། དེ་གོ་སྐབས་སུ་བྱས་ནས་ཁེ་ལས་སྤྱི་ཡོངས་ཀྱི་འབྱུང་འཕྲོད་ཐཱན་ཉུང་ཕྱོགས་སྒྱུར་གྱི་ལམ་རིས་འཆར་འགོད་ཀྱང་བྱས་པ་རེད།

རྒྱལ་སྤྱིའི་ཉོ་ཚོང་གི་འགག་གནད་བཤང་དགོས་པ། ཀྲོའུ་ཅིང་གིས་ང་ཚོའི་མཉེན་ཆས་དེ་རིགས་གཅིག་མཁས་ཅན་དཔྱད་འདེམས་ཨུ་ལྷན་གྱིས་ཞིབ་བཤེར་གཏན་འཁེལ་བྱས་རྗེས།ཡོ་རོབ་མནའ་འབྲེལ་གྱི་ཁོར་ཡུག་ཤུགས་རྐྱེན་གདེང་འཇོག་ཕན་ཚུན་ཁས་ལེན་ལས་སྟེགས་ཀྱིས་ཁས་ལེན་བྱས་པའི་ཀྲུང་གོའི་མཉེན་ཆས་ཡོ་བྱད་དུ་གྱུར་ཡོད་ཅེས་བཤད། དེའི་ཐོག་ནས་ཁེ་ལས་ཀྱིས་ཡོ་རོབ་མནའ་འབྲེལ་གྱི་ཁྲོམ་རར་ཕྱིར་གཏོང་བྱེད་སྐབས་མཉེན་ཆས་དེས་ཐཱན་རྩིས་རྒྱག་དང་ཁས་ལེན་བྱེད་པའི་དུས་མཚམས་སུ་ཁེ་ལས་ཀྱི་དུས་ཚོད་ཐུང་དུ་གཏོང་བ་དང་མ་གནས་གྲོན་ཆུང་ཐུབ་ནས་ཕྱིར་གཏོང་ཐོན་རྫས་ལ་འགྲན་རྩོད་ནུས་པ་དེ་བས་ཆེ་བ་ལྡན་པ་དང་ལྷག་པར་དུ་རྒྱལ་སྤྱིའི་ཚོང་དོན་གྱི་ཐཱན་བཀག་རྒྱ་འཕྲད་སྐབས་ཁ་གཏད་གཅོག་ཐུབ་པའི་བློ་རྩ་ལྡན་ཡོད།

ཀྲོའུ་ཅིང་གིས་ཀྲུང་གོར་བཟོ་ལས་ཀྱི་རྨང་གཞི་བརྟན་པོ་ཡོད་པ་དང་དེ་བཞིན་གོ་ལ་ཧྲིལ་པོའི་ཚོང་དོན་མཁོ་སྤྲོད་སྦྲེལ་ཐག་མ་ལག་ཆེན་པོ་ལྡན་པས་ཐཱན་རྩིས་རྒྱག་མཉེན་ཆས་བེད་སྤྱོད་བྱ་ཡུལ་ཧ་ཅང་རྒྱ་ཆེན་པོ་ཡོད་པ་དེ་ནི་ང་ཚོའི་ལེགས་ཆ་ཞིག་རེད་ཅེས་བཤད།

(ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་ཟླ་6ཚེས་9ཉིན་འབྱོར་བའི་གློག་འཕྲིན)

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-13 6 6 拉萨日报藏文 c182490.html 1 དབྱི་ཐཱན་གྲངས་འཛིན་ཚན་ཁག་གིས་ཐཱན་རྩིས་དེ་ཤིང་གི་ལྷུ་ལག་སྒྲིག་པ་དང་འདྲ་བར་སྟབས་བདེ་པོ་ཡོད་ཅེས་བསྟན། /enpproperty-->