ཧན་ཧྲུའུ་ལི་དང་། མ་ལི་ཧྭ།ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་དཔེ་
དེབ་ཞལ་འདེབས་འབུལ་བའི་སྤྱི་ཕན་བྱེད་སྒོ་
བོད་ལྗོངས་མཛེས་རྩལ་ཁང་དུ་གཉེར་བ།
ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ཡིས་གཙོ་གཉེར་བྱས་པ་དང་། རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གིས་སྒྲུབ་འགན་ཁུར་བའི་ས་མཐོར་བརྩེ་སེམས་བཅངས་བ་དང་བོད་ཀྱི་བཀའ་དྲིན་ཚོར་བ། ཧན་ཧྲུའུ་ལི་དང་། མ་ལི་ཧྭ། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་དཔེ་དེབ་ཞལ་འདེབས་འབུལ་བའི་སྤྱི་ཕན་བྱེད་སྒོ་དེ་བོད་ལྗོངས་མཛེས་རྩལ་ཁང་དུ་གཉེར་བ་རེད།
བྱེད་སྒོའི་ཐོག་བོད་ཀྱི་སློབ་གྲྭ་དང་རིག་གནས་ཚན་པ་མང་པོ་ཞིག་ལ་ཧན་ཧྲུའུ་ལིའི་དཔེ་དེབ་གསར་པ《བོད་ཀྱི་ལོ་ངོ་ལྔ་བཅུའི་སྐོར་བྲིས་པ》དང་། མ་ལི་ཧྭ་ཡི་དངོས་བྲིས་རྩོམ་རིག་རིམ་གྲས《བོད་དུ་བསྐྱོད་པ》ཞེས་པ། དེ་བཞིན་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་དཔེ་དེབ་རབ་དང་རིམ་པ་ཁྱོན་ཁྲི་2.5ལྷག་ཙམ་ཞལ་འདེབས་སུ་ཕུལ་བར་རིན་ཐང་སྒོར་ཁྲི་200ཙམ་ཟིན་ཡོད་ཅིང་། དེའི་ནང་ཧན་ཧྲུའུ་ལི་དང་མ་ལི་ཧྭ་མི་སྒེར་གྱིས་མ་དངུལ་བཏང་ནས་ཉོ་སྒྲུབ་བྱས་པའི་དཔེ་དེབ་ཆ་ཚང་1000ཚུད་ཡོད་པ་རེད།
གཙོ་གཉེར་ཕྱོགས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་རང་ལྗོངས་ཀྱི་རྒྱ་ཆེའི་རྩོམརིག་སྒྱུ་རྩལ་ལས་དོན་པས་བརྩམས་ཆོས་དེ་རང་ཚུགས་ཀྱི་རྩ་བར་བརྩིས་ནས་བརྩེ་སེམས་དང་། འབད་བརྩོན། དུས་ཚོད་བཅས་ལ་བརྟེན་ནས་སྦྱོང་བརྡར་བྱས་པ་དང་། དོན་དངོས་ཀྱི་བརྗོད་བྱའི་གསར་རྩོམ་ལ་མཐོང་ཆེན་དང་ཤུགས་སྣོན་བརྒྱབ་སྟེ་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་བརྩམས་ཆོས་རྩེ་གྲ་དེ་བས་མང་བ་གསར་རྩོམ་བྱས་ནས་མདུན་སྐྱོད་བྱེད་བཞིན་པའི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྩོམ་རིག་སྒྱུ་རྩལ་ཁྲོད་རང་ཉིད་ཀྱི་གཟུགས་བརྙན་མཐོང་ཐུབ་པར་བྱས་ནས་ཡར་སྐུལ་དང་སྐུལ་ལྕག་ཐོབ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། (བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社