ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉིན་ཤས་གོང་།ལྷུན་གྲུབ་རྫོང་ཁྲིམས་འཛིན་ཅུས་ཀྱིས་རྫོང་ཁྲིམས་ཁང་དང་།ཞིབ་དཔྱོད་ཁང་།སློབ་གསོ་ཅུས་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་འབྲེལ་བྱས་ཏེ་ཕུ་མདོ་ཤང་ལྟེ་བའི་སློབ་ཆུང་དུ་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ་རེད།
ད་ཐེངས་ཀྱི་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་ཀྱི་བྱེད་སྒོས་གཙོ་བོ་སློབ་གྲྭའི་ནང་གི་བརྙས་བཅོས་འགོག་པ་དང་།བཙན་གཡེམ་འགོག་པ།དགེ་རྒན་གྱི་ཀུན་སྤྱོད་བཅས་ཕྱོགས་གསུམ་གྱི་ནང་དོན་ལ་དམིགས་ནས་སྤེལ་བ་རེད།དང་ཐོག་ལྷུན་གྲུབ་རྫོང་ཞིབ་དཔྱོད་ཁང་གི་ལས་དོན་པས་གྱོད་གཞི་དཔེར་བཞག་ནས་གོ་སླ་བའི་སྐད་ཆའི་ཐོག་ནས་སློབ་མ་ཚོར《ལོ་ན་མ་སོན་པའི་སྐྱེ་བོར་སྲུང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ལ་འགྲེལ་བཤད་བརྒྱབ་སྟེ་སློབ་གྲྭའི་བརྙས་བཅོས་ཀྱི་མཚན་ཉིད་དང་།སློབ་གྲྭའི་ནང་བརྙས་བཅོས་ཀྱི་འབྱུང་རྐྱེན།སློབ་གྲྭའི་བརྙས་བཅོས་ལ་ཁ་གཏད་གཅོག་ཐབས་སོགས་ཐད་ཀྱི་ཤེས་བྱར་འགྲེལ་བཤད་ཞིབ་ཕྲ་བྱས་པ་རེད།དེ་རྗེས་ལྷུན་གྲུབ་རྫོང་ཁྲིམས་འཛིན་ཅུས་ཕུ་མདོ་ཁྲིམས་འཛིན་སུའོ་ཡི་སུའོ་ཀྲང་གིས་ལོ་ན་མ་སོན་པའི་སྐྱེ་བོ་ལ་བཙན་གཡེམ་གྱི་གནོད་འཚེ་སྔོན་འགོག་བྱས་ནས་ལོ་ན་མ་སོན་པའི་སྐྱེ་བོ་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱེད་དགོས་ཞེས་པ་ཁ་བྱང་དུ་བྱས་ཏེ་དེ་གར་ཡོད་པའི་དགེ་སློབ་ཚོར་བཙན་གཡེམ་གྱི་གནོད་འཚེ་གཏོང་བའི་གོ་དོན་དང་བཙན་གཡེམ་གྱི་གནོད་འཚེ་གཏོང་བའི་རྣམ་པ་སོགས་ཁྱབ་གདལ་བཏང་ནས་ཚང་མར་བཙན་གཡེམ་གྱི་གནོད་འཚེ་གཏོང་བའི་བྱ་སྤྱོད་ལ་ཇི་ལྟར་སྔོན་འགོག་དང་ཁ་གཏད་གཅོག་དགོས་པའི་སློབ་གསོ་བཏང་བ་དང་འབྲེལ།སློབ་མར་འཚོ་བའི་ཁྲོད་ཀྱི་བཙན་གཡེམ་གྱི་གནོད་འཚེ་གཏོང་བའི་དོན་རྐྱེན་ལ་ཡང་དག་པའི་སྒོ་ནས་ལྟ་སྟངས་འཛིན་དགོས་པའི་སློབ་གསོ་བཏང་བ་རེད།མཇུག་ཏུ་དགེ་རྒན་གྱི་ལས་རིགས་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་།དགེ་རྒན་གྱི་ཀུན་སྤྱོད་ཀྱི་རྣམ་པ་བཟང་པོ་གཏོད་པ།དགེ་རྒན་གྱི་ལས་རིགས་ཀུན་སྤྱོད་ཀྱི་བྱང་ཚད་སྔར་བས་མཐོ་རུ་གཏོང་བ་བཅས་ཀྱི་ཆེད།ལྷུན་གྲུབ་རྫོང་ཁྲིམས་ཁང་གི་ལས་དོན་པས་རྒྱ་ཆེའི་དགེ་རྒན་ལ་ཆེད་ལས་ཤེས་བྱ་འཚོལ་ཞིབ་དང་།རྒྱུན་གཏན་གྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ།ཕུལ་བྱུང་གཞུང་དྲང་གི་དགེ་རྒན་གྱི་སྤྱོད་ཚུལ་ལག་བསྟར་བཅས་ཀྱི་ཐད་བརྒྱུད་བསྒྲགས་བྱས་པ་རེད།
བྱེད་སྒོར་ཕུ་མདོ་ཤང་ལྟེ་བའི་སློབ་ཆུང་གི་དགེ་སློབ་120ལྷག་ཙམ་ཞུཊ་པ་དང་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲཊ་ལག་དེབ་200ལྷག་ཙམ་སྤྲད་པ་རེད།
རྗེས་མར།ལྷུན་གྲུབ་རྫོང་ཁྲིམས་འཛིན་ཅུས་ཀྱིས་བཅའ་ཁྲིམས་བདུན་སྤེལ་དང་།ལོ་ན་མ་སོན་པའི་སྐྱེ་བོའི་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་མུ་མཐུད་གཏིང་ཟབ་སྤེལ་ནས་རྒྱ་ཆེའི་སློབ་མས་བཅའ་ཁྲིམས་ཤེས་བྱ་དེ་བས་མང་བ་ཤེས་རྟོགས་བྱ་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ཏེ་སློབ་གྲྭའི་ནང་བཅའ་ཁྲིམས་ལ་སློབ་སྦྱོང་དང་།བཅའ་ཁྲིམས་ཤེས་པ།བཅའ་ཁྲིམས་སྤྱོད་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་རྒྱུ་ཡིན་པ་རེད།(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社