分享按钮

སྟག་རྩེ་ཆུས་ཀྱིས་ཤར་གཤོག་གདོང་ལེན་པ་ཞེས་པའི་ཏང་འཛུགས་སྐྱོང་སྤུས་རྟགས་ཀྱི་ཡུལ་དངོས་ཀྱི་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།གཞི་རིམ་ཏང་འཛུགས་སྐྱོང་གི་གཙོ་གནད་ལས་འགན་ཁག་དོན་འཁྱོལ་དང་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་།ཤར་གཤོག་གདོང་ལེན་པ་ཞེས་པའི་ཏང་འཛུགས་སྐྱོང་སྤུས་རྟགས་གཏོད་པའི་ཕན་འབྲས་སྲ་བརྟན་དང་མཐོ་རུ་གཏོང་ཆེད།ཉེ་ཆར།སྟག་རྩེ་ཆུས་ཀྱིས་ཤར་གཤོག་གདོང་ལེན་པ་ཞེས་པའི་ཏང་འཛུགས་སྐྱོང་སྤུས་རྟགས་ཀྱི་ཡུལ་དངོས་ཀྱི་ཚོགས་འདུ་འཚོགས་པ་རེད།

ཉིན་དེའི་ཞོགས་པར།ཚོགས་འདུར་ཞུགས་མཁན་ཚོས་འབྲོམ་ཐོད་ཤང་གི་ཚོན་མདོག་སྣ་ལྔ་དང་།གསང་སྔགས་དགོན་གྱི་དམ་འཛིན་བདུན་དང་། སྐུལ་འདེད་གཅིག བྱེད་སྟངས་ལྔ་བཅས་ཀྱི་ཏང་འཛུགས་སྐྱོང་གི་སྤུས་རྟགས་སོགས་ལ་ལྟ་སྦྱོང་བྱས་པ་དང་།གླིང་ལྔ་གྲོང་ཚོའི་ཏང་འཛུགས་སྐྱོང་གིས་གྲོང་ཚོའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ཕུལ་བྱུང་བྱེད་སྟངས་དང་།སྲིད་ཁྲིམས་ཨུ་ལྷན་གྱིས“ཏ་ཧའོ”སྟེགས་བུར་བརྟེན་ནས་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལས་དོན་ལ་སྣེ་ཁྲིད་བྱེད་པའི་བྱེད་སྟངས་སོགས་ལ་སློབ་སྦྱོང་བྱས་པ་རེད།ཕྱི་དྲོར་སྤེལ་རེས་ཚོགས་འདུ་འཚོགས་ཤིང་།ཚོགས་འདུའི་ཐོག་སྟག་རྩེ་ཆུས་འབྲོམ་ཐོད་ཤང་ཏང་ཨུད་དང་།སྟག་རྩེ་ཆུས་མི་དམངས་ཞིབ་དཔྱོད་ཁང་ཏང་ཙུའུ།གསང་སྔགས་དགོན་དོ་དམ་ཨུ་ལྷན་ཏང་ཀྲི་པུའུ་བཅས་ཀྱིས་སྤེལ་རེས་གཏམ་བཤད་གནང་བ་རེད།

སྟག་རྩེ་ཆུས་མི་དམངས་ཞིབ་དཔྱོད་ཁང་ཏང་ཀྲི་པུའི་ཧྲུའུ་ཅི་པདྨ་བསམ་གྲུབ་ཀྱིས་ཉེ་བའི་ལོ་ཤས་རིང་།སྟག་རྩེ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་རྒྱུ་དེ་གཞི་འཛིན་སར་བྱས་ནས་ཏང་ཀྲི་པུའི་འཐབ་འཛིང་མཁར་རྫོང་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཞིབ་དཔྱོད་ལྷུ་ཚིགས་ཀྱི་བདེ་འཇགས་འགན་ལེན་དང་།བརྟན་ལྷིང་སྲུང་སྐྱོང་།འཕེལ་རྒྱས་ལ་སྐུལ་འདེད།དམངས་འཚོར་ཕན་འདོགས་པ་བཅས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཡོད།ཞིབ་དཔྱོད་ཆེན་པོ་བཞིའི་ཁྲོད་ཏང་འཛུགས་སྐྱོང་གི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱ་རྒྱུ་མཐའ་འཁྱོངས་དང་།ཏང་ཡོན་ལས་བྱེད་པ་དང་ཉེན་རྟོག་པས་གྱོད་གཞི་སྒྲུབ་པའི་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས།ནང་ཁུལ་དུ་མཉམ་འགུལ་བྱེད་ཤུགས་ཆེར་གཏོང་།གྱོད་གཞི་སྒྲུབ་པའི་ཐོན་ཁུངས་དང་སྟོབས་ཤུགས་སྡེབ་སྒྲིག་བཅས་བྱས་པས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ཕན་འབྲས་དེ་གྱོད་གཞི་སྒྲུབ་པའི་སྤུས་ཚད་དང་ཕན་འབྲས་དངོས་སུ་བསྒྱུར་ཐུབ་པར་བྱུང་ཡོད་ཅེས་བཤད།

སྟག་རྩེ་ཆུས་འབྲོམ་ཐོད་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་བདེ་གཡང་གིས་ཉེ་བའི་ལོ་ཤས་རིང་། འབྲོམ་ཐོད་ཤང་ཏང་ཨུད་ཀྱིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་བྱས་ཏེ།སྟག་རྩེ་ཆུས་ཀྱི་ཤར་གཤོག་གདོང་ལེན་པར་དམིགས་ནས་ཚོན་མདོག་སྣ་ལྔའི་ཏང་འཛུཊ་སྐྱོང་ཤུཊ་ཆེན་བྱས་པ་དང་།གྲོང་ཚོ་གཅིག་དང་ཁྱད་ཆོས་གཅིག་གི་ཏང་འཛུགས་སྐྱོང་གི་སྤུས་རྟགས་བརྒྱུད།གཞི་རིམ་གྱི་ཏང་ཡོན་མང་ཚོགས་ཀྱི་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་སྣ་མང་ཅན་གྱི་ས་མཐོའི་ཁྱད་ལྡན་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་འབྲོམ་ཐོད་ཤང་གི་གྲོང་གསེབ་བཅོས་སྐྱོང་གི་འཆར་གཞི་གསར་པ་ཐུན་མོང་ཐོག་འགོད་རྒྱུ་ཡིན་ཞེས་བཤད།

སྟག་རྩེ་ཆུས་ཀྱི་ཤར་གཤོག་གདོང་ལེན་པའི་ཏང་འཛུགས་སྐྱོང་སྤུས་རྟགས་གསར་གཏོད་ལས་དོན་བཀོད་སྒྲིག་བྱས་པ་ནས་བཟུང་།ཤང་དང་གྲོང་རྡལ་ཁག་གི་ཏང་ཨུད་དང་སྟག་རྩེ་ཆུས་ཐད་གཏོགས་ལས་ཁུངས་ཀྱི་ཏང་རྩ་འཛུགས་ཀྱིས་རང་འགུལ་ངང་བྱ་སྤྱོད་སྤེལ་ནས་གོང་འོག་མཉམ་འགུལ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་པས།གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་ལྟ་ཆོག་པ་དང་།སློབ་སྦྱོང་བྱེད་ཆོག་པ།སྤྱོད་ཆོག་པ་བཅས་ཀྱི་ཉམས་མྱོང་བཟང་པོ་མཁོ་འདོན་བྱས་ཡོད།རྗེས་མར་ཚན་པ་ཁག་གིས་ཡུལ་དངོས་ཀྱི་ཚོགས་འདུ་དེ་འགོ་འཛུགས་ས་གསར་པར་བྱས་ནས་ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏོད་པའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་ནས་ཚད་བརྒལ་གསར་པ་དང་མཐོ་རུ་གཏོང་གང་ཐུབ་བྱ་རྒྱུ་ཡིན་པ་རེད།

སྟག་རྩེ་ཆུས་ཨུད་རྩ་འཛུགས་པུའུ་སྒྲིག་གཞི་སྒྲིག་ཁོངས་ཆ་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རེན་ཐང་ཞུའེ་ཧྭས་ཟླ་3པ་ནས་བཟུང་།ང་ཚོས་སྟག་རྩེ་ཆུས་ཀྱི་ཁྱབ་ཁོངས་ཁག་ཏུ་ཤར་གཤོག་གདོང་ལེན་པའི་ཏང་འཛུགས་སྐྱོང་སྤུས་རྟགས་བཏོད་པ་དང་།གཙོ་གནད་སྐྱེད་སྲིང་དང་།ཚད་ལྡན་འཛུགས་སྐྱོང་།གསར་གཏོད་མཐོར་འདེགས་བཅས་བྱས་པ་བརྒྱུད།དུས་རབས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ་དང་།དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་མངོན་གསལ་དོད་པ།ཏང་ཡོན་མང་ཚོགས་ཀྱིས་ཀུན་གྱིས་ཁས་ལེན་པའི་གཞི་རིམ་ཏང་འཛུགས་སྐྱོང་སྤུས་རྟགས་ཁག་གཅིག་སྐྱེད་སྲིང་བྱས་པ་དང་།ཕྱོགས་གང་སར་སོ་སོའི་ཁྱད་ཆོས་ལྡན་པ།ཁྱོན་ཡོངས་ལ་ཁྱབ་པ་བཅས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་རྣམ་པ་གསར་པ་བཏོད་ཡོད་ཅེས་བཤད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-13 6 6 拉萨日报藏文 c182486.html 1 སྟག་རྩེ་ཆུས་ཀྱིས་ཤར་གཤོག་གདོང་ལེན་པ་ཞེས་པའི་ཏང་འཛུགས་སྐྱོང་སྤུས་རྟགས་ཀྱི་ཡུལ་དངོས་ཀྱི་ཚོགས་འདུ་འཚོགས་པ། /enpproperty-->