ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་གིས“གཞི་རིམ་སྟོབས་ཆེར་དང་སྤྱོད་ཚུལ་ལེགས་སྒྱུར”གྱི་བྱེད་སྒོ་རབ་དང་རིམ་པ་དང་དུས་ཐེངས་གཉིས་པའི“སྤྱོད་ཚུལ་ལེགས་གཏོང་གི་དམག་སྦྱོང་ཆེན་པོའི”ལུས་རྩལ་འགྲན་བསྡུར་སྤེལ་བ་རེད། གྲོང་ཨུད་ཀྱི་རྒྱུན་ཨུ་དང་ཁྲེང་ཀོན་ཆུས་ཨུད་ཀྱི་ཧྲུའུ་ཅི་ཞུས་ཧའེ་ཡིས་ཡུལ་དངོས་སུ་འགྲན་བསྡུར་ལ་མཛུབ་ཁྲིད་གནང་བ་དང་འབྲེལ་འགྲན་བསྡུར་ལ་གཟིགས་གནང་བ་རེད།
ཡུལ་དངོས་སུ་རུ་ཁག་གྲལ་འགྲིག་པ་དང་། སྐད་གསང་མཐོན་པོའི་འབོད་ཚིག། དམག་དཔུང་གི་ཉམས་འགྱུར་ལེགས་པ། སྦྱོང་བརྡར་བྱང་ཆུབ་པ་བཅས་ཀྱི་ཐོག་ནས་ཁྲེང་ཀོན་གྱི་ལས་བྱེད་པའི་དཔའ་ངར་ཆེར་སྐྱེད་དང་། འགན་འཁུར་ཕོད་པ། འབད་འབུངས་ཡར་བརྩོན་བཅས་ཀྱི་སྙིང་སྟོབས་མངོན་ཡོད།
ཞུས་ཧའེ་ཡིས་གསུངས་དོན།རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མིག་སྔར་སྤེལ་བཞིན་པའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བྱས་ཏེ་ཏང་གི་སྒྲིག་ཁྲིམས་ལ་སློབ་སྦྱོང་གཏིང་ཟབ་དང་། ཏང་གི་སྒྲིག་ཁྲིམས་གསལ་པོ་རྟོགས་པ། ཏང་གི་སྒྲིག་ཁྲིམས་ལ་བརྩི་སྲུང་བཅས་བྱས་ཏེ་ཏང་གི་སྒྲིག་ཁྲིམས་ཆེན་པོ་དྲུག་ལ་དམིགས་ནས་སྤྱོད་ཚུལ་ལེགས་སྐྱོང་དོན་འཁྱོལ་ཞིབ་ཚགས་བྱ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ་མང་ཚོགས་ཀྱི་ཉེ་འགྲམ་གྱི་དོན་ཆུང་དག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་དུ་བརྩིས་ནས་དམ་འཛིན་དངོས་འབྲེལ་བྱེད་པ་དང་། མང་ཚོགས་ཀྱི་འཕྲལ་མཁོ་དང་།དཀའ་ངལ།སེམས་ཁྲལ།རེ་སྒུག་བཅས་ཀྱི་གནད་དོན་དེ་རང་ཉིད་ཀྱི་ཁྱིམ་དོན་དུ་བརྩིས་ནས་བསྒྲུབས་པ། སྤྱོད་ཚུལ་བཟང་པོ་དོན་འཁྱོལ་ཏན་ཏིག་གིས་མི་དམངས་མང་ཚོགས་གཞི་རིམ་ཏང་རྩ་འཛུགས་ཀྱི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཡོད།
ཞུས་ཧའེ་ཡིས་ནན་གསུངས་གནང་དོན།གཞི་རིམ་བཅོས་སྐྱོང་གཏིང་ཟབ་དང་ཏན་ཏིག་ཡོང་བར་མུ་མཐུད་སྐུལ་འདེད་བཏང་ནས་གཞི་རིམ་བཅོས་སྐྱོང་སྔར་བས་ཞི་མཐུན་ཡོང་བར་བྱས་ཏེ་གྲོང་ཁྱེར་འཛུགས་སྐྲུན་དོ་དམ་སྔར་བས་མཛེས་སྡུག་ལྡན་པར་བྱེད་དགོས། མིག་སྔར་ཁོངས་གཏོགས་ཁུལ་གྱི་ཁོངས་མིའི་ཚན་པ་ཁག་ཧུར་ཐག་ཞུགས་པ་དང་། རིམ་པ་ཁག་དང་སྡེ་ཚན་ཁག་མཉམ་འགུལ་ནུས་ལྡན་བྱས་པ། ཁྲོམ་གཞུང་གི་ལས་དོན་ཨུ་ལྷན་ཆེན་པོས་ཀྱང་ནུས་པ་མངོན་གསལ་དོད་པོ་བཏོན་པ། གཞི་རིམ་བཅོས་སྐྱོང་དེ་མི་སེམས་གཅིག་མཐུན་དང་སྟོབས་ཤུགས་ཆེ་ཤོས་ཀྱི་དུས་སྐབས་སུ་གནས་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རང་རང་གི་འགན་འཁྲི་སྒྲུབ་པ་དང་གཞོགས་འདེགས་དམ་ཟབ་བྱས་ཏེ་གཞི་རིམ་བཅོས་སྐྱོང་གི་མཐའ་མའི་འགགནགནད་མཐའ་གཅིག་ཏུ་སྒྲོལ་དགོས། ཏང་ཡོན་ལས་བྱེད་པའི་དཀའ་སྡུག་སྟོན་གྲངས་དེ་མི་དམངས་མང་ཚོགས་གི་བདེ་སྐྱིད་སྟོན་གྲངས་ལ་ཏན་ཏིག་ངང་བརྗེ་དགོས།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社