分享按钮

སྟོད་ལུང་བདེ་ཆེན་ཆུས་ཀྱིས།

ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་མི་སེམས་སུ་ཟུག་པར་སྐུལ་འདེད་ཤུགས་ཆེན་བཏང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། སྟོད་ལུང་བདེ་ཆེན་ཆུས་ཀྱིས་ལས་འགན་གཅིག་གྱུར་ཐོག་བཀོད་སྒྲིག་དང་། སྟོབས་ཤུགས་གཅིག་གྱུར་ཐོག་བཀོད་སྒྲིག ལས་ཀ་གཞི་གཅིག་ཅན་དུ་སྐུལ་འདེད་བཅས་ཀྱི་རྩ་དོན་གཞིར་བཟུང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱས་ཏེ། དམིགས་ཚད་དང་བླང་བྱ་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པ་དང་གཙོ་གནད་བྱེད་ཐབས་དོན་འཁྱོལ་བྱས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་ཆེད་དོན་སྐོར་སྐྱོད་སྒྲོག་འགྲེལ་བྱས་པ་བརྒྱུད། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཕྱོགས་སུ་སྤེལ་བ་དང་མི་སེམས་སུ་ཟུག་པར་སྐུལ་འདེད་བཏང་བ་རེད།

ཉིན་ཤས་གོང་། སྟོད་ལུང་བདེ་ཆེན་ཆུས་ཨུད་དྲིལ་བསྒྲགས་པུས་སྟོད་ལུང་བདེ་ཆེན་ཆུས་གཞུང་ཁོངས་རྒྱུ་ནོར་ཨུ་ལྷན་དང་མཉམ་འབྲེལ་བྱས་ཏེ། སྟོད་ལུང་བདེ་ཆེན་ཆུས་ལུང་ཐེང་གཞུང་ཁོངས་རྒྱུ་ནོར་མ་འཇོག་གཉེར་སྐྱོང་ཚད་ཡོད་ཀུང་སི་དང་། སྟོད་ལུང་བདེ་ཆེན་ཆུས་ས་གཙང་ཐོན་ལས་མ་འཇོག་གསར་སྤེལ་ཚད་ཡོད་ཀུང་སི་སོགས་ཁོངས་གཏོགས་ཁུལ་གྱི་གཞུང་ཁོངས་ཁེ་ལས་ཀྱི་ཏང་ཡོན་དང་ལས་བཟོ་བ་སྒྲིག་འཛུགས་བྱས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད། བྱེད་སྒོའི་ནང་། སྟོད་ལུང་བདེ་ཆེན་ཆུས་ཀྱི་སྒྲོག་འགྲེལ་ཚོགས་པའི་སྒྲོག་འགྲེལ་པ་ཟླ་སྒྲོན་གྱིས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》གི་གཙོ་དོན་གལ་ཆེན་དང་། ལག་ལེན་གྱི་བླང་བྱ། མངོན་གསལ་དོད་པའི་ཁྱད་ཆོས། ནང་དོན་གཙོ་བོ་སོགས་ལ་དམིགས་ནས་བརྗོད་དོན་ཁ་གསལ་བ་དང་། ནང་དོན་ཕུན་སུམ་ཚོགས་པ། ལྟ་བ་གཏིང་ཟབ་པ། རྒྱས་བཤད་གནང་བ་ཞིབ་ཚགས་པ་བཅས་ཀྱི་ཟུར་ཁྲིད་སྙན་ཞུ་ཞིག་གནང་བ་རེད། གཏིང་ཟབ་པའི་སྒོ་ནས་འགྲེལ་བཤད་དང་གསོན་ཉམས་ལྡན་པའི་གྱོད་དཔེར་དབྱེ་ཞིབ་བྱས་པ་བརྒྱུད། ཏང་ཡོན་དང་ལས་བཟོ་བ་ཚོར་ཏང་གི་སྒྲིག་ཁྲིམས་ཀྱི་གཟབ་ནན་རང་བཞིན་དང་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱུང་ཡོད། སྟོད་ལུང་བདེ་ཆེན་ཆུས་ལུང་ཐེང་གཞུང་ཁོངས་རྒྱུ་ནོར་མ་འཇོག་གཉེར་སྐྱོང་ཚད་ཡོད་ཀུང་སིའི་ཏང་དམངས་མི་དོན་པུའི་འགན་གཙོ་བོ་འཁུར་མཁན་ཧྥེང་ཞུས་ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་ཧ་ཅང་ཡག་པོ་བྱུང་སོང་། རྒན་ལགས་ཀྱིས་སྒྲོག་འགྲེལ་བྱས་པའི་ནང་དོན་ལ་དམིགས་སའི་རང་བཞིན་དང་མཛུབ་སྟོན་རང་བཞིན་ལྡན་པས། ང་ཚོས་ཏང་གི་སྒྲིག་ཁྲིམས་དང་སྒྲིག་ལམ་ནི་གང་འདྲ་ཞིག་ཡིན་པ་དང་། ཅི་ཞིག་བྱེད་རུང་བ། ཅི་ཞིག་བྱེད་མི་རུང་བ་བཅས་གསལ་པོར་ཤེས་བྱུང་། སླད་ཕྱིན་གྱི་ལས་དོན་ཁྲོད། ངས་ད་ཐེངས་ཀྱི་སྒྲོག་འགྲེལ་བྱེད་སྒོ་དེ་གོ་སྐབས་སུ་བྱས་ནས། ཏང་གི་སྒྲིག་ཡིག་དང་། སྒྲིག་སྲོལ། སྒྲིག་ཁྲིམས་བཅས་ལ་མུ་མཐུད་ནས་སློབ་སྦྱོང་གཏིང་ཟབ་བྱས་ཏེ། ཆབ་སྲིད་ཀྱི་ངེས་ཤུགས་དང་། སྒྲིག་ཁྲིམས་ཀྱི་ངེས་ཤུགས། ཀུན་སྤྱོད་ཀྱི་ངེས་ཤུགས། རུལ་འགོག་གི་ངེས་ཤུགས་བཅས་རྒྱུན་ཆད་མེད་པར་བརྟན་ཏུ་བཏང་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་ཁེ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་བསྒྱུར་རྒྱུ་ཡིན་ཞེས་བཤད།

ཟླ་5པའི་ཟླ་དཀྱིལ་ནས་བཟུང་། སྟོད་ལུང་བདེ་ཆེན་ཆུས་སྐོར་སྐྱོད་སྒྲོག་འགྲེལ་ཚོགས་པས་སྔ་རྗེས་སུ་བདེ་ཆེན་གྲོང་རྡལ་དང་། དམར་གྲོང་རྡལ། རྒུ་རུམ་གྲོང་རྡལ། ཡབ་མདའ་ཁྲོམ་གཞུང་། གདོང་དཀར་ཁྲོམ་གཞུང་། གནས་ཆུང་ཁྲོམ་གཞུང་། སློབ་གསོའི་ཁོངས་གཏོགས། གཞུང་ཁོངས་ཁེ་ལས་ཁོངས་གཏོགས་བཅས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་ཆེད་དོན་སྐོར་སྐྱོད་སྒྲོག་འགྲེལ་བྱས་པ་དང་། ཁྱི་སྐྱག་དང་། ཕུན་ཚོགས་རྣམ་སྒྲོལ། ཀརྨ་སོགས་གཞི་རིམ་གྱི་སྒྲོག་འགྲེལ་པ་8གདན་དྲངས་ནས་ཁ་གསལ་ཞིང་གོ་སླ་བའི་སྐད་ཆའི་ཐོག་ནས་དཔེ་སྟོན་སྒྲོག་འགྲེལ་བྱས་པ་རེད། སྒྲོག་འགྲེལ་བྱས་པ་བརྒྱུད། ཏང་ཡོན་ལས་བྱེད་པའི་སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་སྒྲིག་ལམ་གྱི་འདུ་ཤེས་སྔར་བས་སྲ་བརྟན་དུ་བཏང་བ་དང་། ཏང་ཡོན་ལས་བྱེད་པའི་ཏང་གཤིས་བློ་སྦྱོང་མཐོ་རུ་བཏང་ཡོད། སྟོད་ལུང་བདེ་ཆེན་ཆུས་ཨུད་དྲིལ་བསྒྲགས་པུའི་ལས་དོན་པ་བཀྲ་ཤིས་སྒྲོལ་མས་མིག་སྔའི་བར་ང་ཚོས་གཞི་རིམ་གྱི་སྒྲོག་འགྲེལ་པ་སྒྲིག་འཛུགས་བྱས་ནས་སྒྲོག་འགྲེལ་ཐེངས་8བྱས་པ་དང་། མི་གྲངས་500ལྷག་ཙམ་ལ་སྒྲོག་འགྲེལ་བྱས་ཡོད། ཕྱིས་འབྱུང་། སྟོད་ལུང་བདེ་ཆེན་ཆུས་ཨུད་དྲིལ་བསྒྲགས་པུས་སྐོར་སྐྱོད་སྒྲོག་འགྲེལ་ཚོགས་པའི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ནས། གྲོང་ཚོ་དང་། སྡེ་ཁུལ། ལས་ཁུངས། སློབ་གྲྭ ཁེ་ལས་བཅས་སུ་ཁྱོན་ཡོངས་ནས་སྒྲོག་འགྲེལ་ཧུར་ཐག་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་སྒྲོག་འགྲེལ་བྱེད་སྒོར་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-13 སྟོད་ལུང་བདེ་ཆེན་ཆུས་ཀྱིས། 6 6 拉萨日报藏文 c182480.html 1 ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་མི་སེམས་སུ་ཟུག་པར་སྐུལ་འདེད་ཤུགས་ཆེན་བཏང་བ། /enpproperty-->