分享按钮

གཟའ་འཁོར་འདིར་རང་གྲོང་དུ་དྲོད་ཚད་ཅུང་མཐོ་བ་དང་ཞིང་ཁུལ་ གཙོ་བོར་ཆར་ཆུ་འབབ་ཚད་ཉུང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་10ཉིན་གསར་འགོད་པས་གྲོང་ཁྱེར་གནམ་གཤིས་ལས་ཁུངས་ནས་ཤེས་རྟོགས་བྱུང་བར་གཞིཊ་ན། གཟའ་འཁོར་གོང་མར་རང་གྲོང་གི་ཆར་ཆུ་གཙོ་བོ་བྱང་རྒྱུད་ཀྱི་འདམ་གཞུང་རྫོང་དང་ལྷུན་གྲུབ་རྫོང་གི་བྱང་རྒྱུད་སོཊ་ས་བབ་མཐོ་བའི་ས་ཁུལ་དུ་གཅིག་སྡུད་བྱས་པ་དང་ས་གནས་གཞན་དུ་ཆར་ཆུ་ཅུང་ཉུང་བ་དང་དྲོད་ཚད་ཀྱང་མངོན་གསལ་དོད་པོས་མཐོ་བ་ཡོད། གཟའ་འཁོར་འདིའི་ཆར་ཆུ་འབབ་ཚད་དེ་ལོ་རེའི་དུས་མཚུངས་དང་བསྡུར་ཚེ་འདམ་གཞུང་རྫོང་དུ་བཅུ་ཆ་4ཡིས་མང་བ་དང་དེ་བྱིངས་ཀྱི་ས་ཁུལ་དུ་ཅུང་ཉུང་བ་ཡོད། གཟའ་འཁོར་འདིའི་ཆ་སྙོམས་དྲོད་ཚད་དེ་ལོ་རེའི་དུས་མཚུངས་དང་བསྡུར་ན་རང་གྲོང་གི་ས་ཆ་མང་ཆེ་བར་ཧྲེ་ཧྲི་ཏུའུ་1ནས་3བར་མཐོ་བ་ཡོད་པ་རེད།

སྔོན་དཔག་བྱས་པ་ལྟར་ན་གཟའ་འཁོར་འདིའི་དུས་དཀྱིལ་དང་དུས་མཇུག་ཏུ་རང་གྲོང་དུ་ཆར་ཆུ་འབབ་པའི་གནམ་གཤིས་བསྟན་རྒྱུ་དང་ཤར་རྒྱུད་ཀྱི་མལ་གྲོ་གུང་དཀར་རྫོང་དང་། བྱང་རྒྱུད་ཀྱི་འདམ་གཞུང་རྫོང་། ལྷུན་གྲུབ་རྫོང་སོཊ་ས་བབ་མཐོ་བའི་ཤང་དང་གྲོང་རྡལ་ཁག་གཅིག་གི་ཆར་པའི་འབབ་ཚད་ཅུང་མང་བ་དང་། གཟའ་འཁོར་འདིའི་ནང་ས་གནས་ཁག་གི་དྲོད་ཚད་སྔར་བཞིན་མཐོ་པོ་ཡོད་པ་རེད། གནམ་གཤིས་ཀྱི་བརྒྱུད་རིམ་གཙོ་བོ་ནི། གཟའ་ཟླ་བ་ནས་གཟའ་ལྷག་པའི་བར་དུ། རང་གྲོང་དུ་སྤྲིན་པ་ཉུང་བ་ནས་མང་བ་འཁོར་རྒྱུ་དང་། ཤར་རྒྱུད་ཀྱི་ས་ཆ་ཁ་ཤས་སུ་ཆར་པ་ཆུང་བའམ་འབྲུག་ཆར་འབབ་རྒྱུ་དང་། གཟའ་ཕུར་བུ་ནས་ཉི་མའི་བར། རང་གྲོང་གི་ས་ཆ་མང་ཆེ་བར་སྤྲིན་པ་མང་པོ་འཁོར་རྒྱུ་དང་། ས་ཆ་ཁ་ཤས་སུ་ཁ་ཐོར་རང་བཞིན་གྱི་ཆར་ཆུ་དང་འབྲུག་ཆར་འབབ་རྒྱུ་ཡིན་པ་རེད། གྲོང་ཁྱེར་གནམ་གཤིས་བརྟག་དཔྱད་ལས་ཁུངས་ཀྱིས་གཟའ་འཁོར་འདིའི་ནང་རང་གྲོང་གི་ཞིང་ཁུལ་གཙོ་བོར་ཆར་ཆུ་སྔར་བཞིན་ཉུང་བ་དང་དྲོད་ཚད་ཅུང་མཐོ་བས། ས་རྒྱུའི་བརླན་ཚད་ལ་གཞིགས་ནས་ཞིང་ཆུ་འདྲེན་པ་སོཊ་ཞིང་ཁའི་དོ་དམ་ལས་དོན་མུ་མཐུད་ཡག་པོ་བསྒྲུབ་དགོས་པ་དང་། ནཊ་ཚལ་ཁུལ་དུ་མེ་འགོག་བྱེད་ཤུཊ་ཆེ་རུ་གཏོང་དགོས། ཕྱི་དྲོ་ནས་མཚན་མོའི་བར་དུ་རང་གྲོང་གི་ཡར་ཀླུང་གཙང་པོའི་རྒྱུད་དུ་དུས་ཐུང་གི་ཆར་ཆུ་དང་ལྷག་པ་ཆེན་པོ་རྒྱག་པ་སོཊ་གཏད་རྒྱུག་རང་བཞིན་གྱི་གནམ་གཤིས་འབྱུང་སླ་བས་དོཊ་ཟོན་བྱ་དགོས། བྱང་རྒྱུད་དང་ཤར་རྒྱུད་ས་ཁུལ་དུ་ཆར་ཆུ་འབབ་པའི་གནམ་གཤིས་ཅུང་མང་བས། འགྲོ་ལམ་བདེ་འཇཊ་དོ་དམ་ལས་དོན་ལ་ཤུཊ་སྣོན་རྒྱག་དགོས། ས་ཁུལ་ཁ་ཤས་ལ་ཆུ་ལོག་དང་། འདམ་རྡོའི་ཆུ་རུད། རི་ཉིལ་བ་སོཊ་ཞོར་ཐོན་གནོད་འཚེ་སྔོན་འགོག་བྱ་དགོས་པ་བཅས་ཀྱི་གྲོས་འགོ་བཏོན་ཡོད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-12 6 6 拉萨日报藏文 c182462.html 1 གཟའ་འཁོར་འདིར་རང་གྲོང་དུ་དྲོད་ཚད་ཅུང་མཐོ་བ་དང་ཞིང་ཁུལ་ གཙོ་བོར་ཆར་ཆུ་འབབ་ཚད་ཉུང་བ། /enpproperty-->