分享按钮

(པར་ངོས་དང་པོར་མཐུད)ཀྲའོ་ཧུའེ་ཉན་གྱིས་མིག་སྔར་ལྷ་ས་ཡིས་འབྱུང་ཁམས་ལེགས་པའི་གྲོང་ཁྱེར་འཛུགས་པ་དང་། རིག་གནས་ཀྱིས་གྲོང་ཁྱེར་དར་རྒྱས་གཏོང་བ། ཐོན་ལས་ཀྱིས་གྲོང་ཁྱེར་སྟོབས་ལྡན་དུ་གྱུར་བ། ཁྲིམས་ལྟར་གྲོང་ཁྱེར་སྐྱོང་བ། བརྟན་ལྷིང་ལྡན་པའི་གྲོང་ཁྱེར་བཅས་ཀྱི“ལས་ཀའི་རྩ་དོན་ལྔ”གཞིར་བཟུང་ནུས་ཤུགས་ཡོད་རྒུས“ནུས་པའི་ཁུལ་ཆེན་པོ་གསུམ”རྒྱ་སྟོབས་ཆེ་རུ་གཏོང་བ་དང་།“ལས་རྣམ་ལྔའི་འཕེལ་རྒྱས་ཁུལ”ལེགས་སུ་གཏོང་བ།“ཐོན་ལས་ཆེན་པོ་དགུ”སྟོབས་ཆེན་དུ་གཏོང་བ་བཅས་བྱེད་བཞིན་ཡོད། ལྷ་ས་དང་གཡག་རྔའི་རི་ཆུ་གཅིག་འབྲེལ་དང་། རིག་གནས་མཉམ་མཐུན། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་གཅིག་མཐུན་བཅས་ཡིན་པའི་ཐོག་ནས་ས་གནས་གཉིས་ཀྱི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་དོན་སྙིང་གལ་ཆེན་དང་ཐོབ་དཀའ་བའི་གོ་སྐབས་ལས་མདུན་ལམ་ཆེན་པོ་ལྡན་ཡོད། ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་དགོས་པ་དང་། གོ་སྐབས་གལ་ཆེན་དམ་འཛིན་དང་ལས་ཀའི་བྱེད་ཐབས་ཞིབ་ཕྲ་བཟོས་ནས་བློ་གྲོས་དང་སྟོབས་ཤུགས་ཡོད་ཚད་ཏང་ཀྲུང་དབྱང་གི་སྲིད་ཇུས་ཆེན་མོ་དང་། ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག གྲོང་ཨུད་ཀྱི་ཞིབ་ཕྲའི་བཀོད་སྒྲིག་བཅས་དོན་འཁྱོལ་ཡག་པོ་བྱ་རྒྱུའི་ཐོག་གཅིག་སྡུད་བྱས་ཏེ་སི་ཁྲོན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་སྟངས་དང་ཉམས་མྱོང་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། གཡག་རྔ་གྲོང་ཁྱེར་དང་བཞག་པའི་ས་ཁོངས་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་མཐུན་གྱི་བླང་བྱ་དང་རང་སྐྱོང་ལྗོངས་ལས་རིགས་སྡེ་ཚན་གྱིས་མཁོ་འདོན་བྱས་པའི་མཛུབ་ཁྲིད་ཀྱི་བསམ་འཆར་གཞིར་བཟུང་། ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལེགས་ཆ་འདོན་སྤེལ་དང་ཁྱད་ཆོས་མངོན་པར་བྱས་པའི་ཁར་ལས་དོན་གྱི་ཁ་ཕྱོགས་དང་འཕེལ་རྒྱས་ཀྱི་བསམ་ཕྱོགས་སྔར་བས་དོན་འཁྱོལ་ཞིབ་ཕྲ་བྱས་ཏེ་དེ་བས་གཏིང་ཟབ་པའི་སྒོ་ནས་སྣ་མང་མཉམ་ལས་ཀྱི་ཐབས་ལམ་འཚོལ་ཞིབ་དང་། དེ་བས་རྒྱ་ཆེ་བའི་ཁྱབ་ཁོངས་སུ་སྲིད་ཇུས་གསར་གཏོད་ཀྱི་བར་སྟོང་རྒྱ་ཆེར་གཏོང་བ། དེ་བས་རྒྱ་ཆེ་བའི་ཁྱབ་ཁོངས་སུ་ཐོན་ཁུངས་བསྡུ་རུབ་ཀྱི་ནུས་པ་ཆེ་རུ་གཏོང་བ། ས་གནས་གཉིས་ཀྱི་དཔལ་འབྱོར་གྱི་མཉམ་ལས་དང་། ཐོན་ལས་ཀྱི་མཉམ་ལས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོཊ་སྤེལ་རེས་བཅས་ཀྱི་ཐད་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་དེ་བས་མང་བ་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་བསྟན་གནང་ཡོད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

གྲོང་ཁྱེར་གྱི་འགོ་ཁྲིད་རང་སྐྱོང་ལྗོངས་ཀྱི་ལས་རིགས་སྡེ་ཚན་དུ་ཕེབས་ནས་ལྷ་ས་དང་གཡག་རྔའི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་

གཏོང་བའི་ལས་དོན་ལ་འབྲེལ་མཐུད་བྱས་པ།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-12 6 6 拉萨日报藏文 c182461.html 1 /enpproperty-->