分享按钮

འབྲུ་རིགས་འདེབས་མཁན་ཡང་ཕྱུག་པོར་འགྱུར་ཐུབ་པར་བྱེད་པ།

(པར་ངོས་དང་པོར་མཐུད)ཞིང་ལས་འཕྲུལ་ཆས་དང་། ས་བཟང་འདེབས་འཛུགས་ཚང་སྒྲིག་ལས་རེ་བའི་ཞིང་སར་ཚན་རྩལ་ཞིང་འདེབས་ཀྱི་འཆར་གཞི་རེ་རེ་བཞིན་མངོན་ཡོད། མིག་སྔར་རང་རྒྱལ་གྱི་ཞིང་ལས་ཚན་རྩལ་ཡར་ཐོན་ལ་ལེགས་སྐྱེས་ཕུལ་ཚད་བརྒྱ་ཆ་63ལས་བརྒལ་བ་དང་། ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་ཁེབས་ཚད་བརྒྱ་ཆ་96ཡན་ཟིན་པ། ཞིང་ལས་སྐྱེ་དངོས་རྨོ་འདེབས་དང་བརྔ་བསྡུའི་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་བའི་ཚད་བརྒྱ་ཆ་74ཟིན་པས། ཞིང་པ་དེ་བས་མང་བས་བློ་རིག་ལྡན་པའི་སྒོ་ནས་ཞིང་འདེབས་བྱེད་བཞིན་ཡོད།

གཉེར་སྐྱོང་གི་ལས་ཆོད་ཆེ་རུ་ཕྱིན་ནས་ཞིང་པ་རྣམས་ལ་འབྲུ་རིགས་མང་ཙམ་འདེབས་ཐུབ་པ་དང་འབྲུ་རིགས་བཟང་པོ་འདེབས་ཐུབ་པར་བྱེད་དགོས།

2016ལོའི་ཟླ་5ཚེས་24ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧེ་ལུང་ཅང་ཧྥུའུ་ཡོན་ཅིའུ་ཁྲེང་ཆུ་འབྲས་འདེབས་འཛུགས་མཉམ་ལས་ཁང་ལ་རྟོག་ཞིབ་གནང་བར་ཕེབས་ཤིང་། ཡུལ་མི་ཚོས་ཚ་ཚ་འུར་འུར་ངང་མཉམ་ལས་ལ་ཞུགས་པ་དང་ཧྲེ་ཡོན་ལིའུ་ཡན་ཧུའེ་ནང་མི་ཚང་མར་ལོ་གཅིག་ལ་སྒོར་ཁྲི་10ལྷག་ཙམ་རག་གི་ཡོད་པ་ཐོས་རྗེས་སྤྱི་ཁྱབ་ཧྲུའུ་ཅིས་ཞིང་པའི་ཆེད་ལས་མཉམ་ལས་ཁང་ནི་ཞིང་དུད་ཀྱི་ཡོང་འབབ་འཕར་སྣོན་དང་དེང་རབས་ཞིང་ལས་འཕེལ་རྒྱས་གཏོང་བའི་རྩ་འཛུགས་ཀྱི་རྣམ་པ་ནུས་ལྡན་ཞིག་རེད་ཅེས་མཛུབ་སྟོན་གནང་བ་རེད།

གཙོ་གནད་ས་ཞིང་ཇི་ལྟར་འདེབས་རྒྱུ་ཐག་གཅོད་ཡག་པོ་བྱ་རྒྱུ་ཁྲིད་སྟོན་དུ་བྱས་ནས་ཞིང་ལས་གཉེར་སྐྱོང་མ་ལག་གསར་པ་མགྱོགས་མྱུར་འཛུགས་དགོས་པ་དང་། འབྲུ་རིགས་ཐོན་སྐྱེད་གཉེར་སྐྱོང་བྱེད་སྟངས་གསར་གཏོད་དང་། ཐོན་ལས་འབྲེལ་ཐག་སྣུར་སྲིང་བྱས་ཏེ་མ་རྩ་གྲོན་ཆུང་དང་ཕན་འབྲས་ཐོན་ཐུབ་པར་བྱེད་དགོས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལེ་དབར་ཁྲི་སྟོང་གི་འགྲོ་སྐྱོད་དང་། དམངས་ཀྱི་སྐད་ཆ་གསན་པ། བརྟག་དཔྱད་ཞིབ་འཇུག་བཅས་བྱས་ནས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཞིང་ལས་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུར་དགོངས་པ་བཞེས་གནང་གི་ཡོད།

རྒྱལ་ཡོངས་ལ་བལྟས་ན། འབྲུ་རིགས་འདེབས་པའི་ཆེད་ལས་མཉམ་ལས་ཁང་ཁྲི་54.2དང་། འབྲུ་རིགས་འདེབས་པའི་ཁྱིམ་ཚང་ཞིང་ར་ཁྲི་176.5 རྫོང་རིམ་པ་དང་དེ་ཡན་གྱི་སྣེ་ཁྲིད་ཁེ་ལས་ཁྲི་9ལྷག་ཙམ་གྱིས་ཞིང་པའི་སྣེ་ཁྲིད་ནས་ལས་ཀ་དང་ཁེ་བཟང་ཡོང་བ། ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་རྩ་འཛུགས་ཁྲི་107ལྷག་ཙམ་གྱིས་འབྲེལ་ཐག་ཆ་ཚང་གི་ཞབས་ཞུ་མཁོ་འདོན་བྱས་པས་འབྲུ་མཛོད་ཆེན་པོ་དེ་བས་མང་བ་ཞིག་ཐབ་ཚང་ཆེན་པོར་གྱུར་ནས་ཞིང་ལས་འབྲུ་རིགས་འདེབས་འཛུགས་ཀྱི་མདུན་ལམ་དེ་བས་ཆེ་རུ་ཕྱིན་ཡོད།ཞིང་པས་འབྲུ་རིགས་བཏབ་ནས་དངུལ་མང་ཙམ་རག་ཐུབ་ན་འབྲུ་རིགས་ཐོན་སྐྱེད་བྱེད་པར་གཞི་ནས་འགན་སྲུང་བྱེད་ཐུབ།ཞིང་པ་ཕྱུག་པོར་འགྱུར་བ་དང་། ཞིང་པ་མཐོར་འདེགས། ཞིང་པར་རོགས་སྐྱོར་བཅས་བྱས་པ་བརྒྱུད་ཞིང་ལས་གཉེར་སྐྱོང་ལ་ཕན་འབྲས་ཐོན་པར་བྱེད་དགོས་ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ཟབ་མོ་ལས་ཞིང་པ་དུང་ཕྱུར་མང་པོའི་སེམས་ལ་དྲོ་སྐྱིད་སྦྱིན་ཡོད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-12 6 6 拉萨日报藏文 c182460.html 1 འབྲུ་རིགས་འདེབས་མཁན་ཡང་ཕྱུག་པོར་འགྱུར་ཐུབ་པར་བྱེད་པ། /enpproperty-->