(པར་ངོས་གཉིས་པར་མཐུད)ཁྱོན་ཡོངས་ནས་ཡུལ་སྐོར་ལས་རིགས་ཚད་ལྡན་འཛུགས་སྐྱོང་དང་ཁྱབ་གདལ་བཏང་སྟེ“གཉེན་འབྲེལ་ལྟ་བུའི་རྣམ་པ”དང་། “དྲོ་སྐྱིད་ལྟ་བུའི་རྣམ་པའི”ཞབས་ཞུའི་འདུ་ཤེས་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཞུ་གཏུག་ལ་དུས་ཐོག་ཏུ་ལན་འདེབས་དགོས། སླད་ཕྱིན་རང་གྲོང་གིས་གཞི་རིམ་སྤྱི་བདེ་ལས་བྱེད་པ་དང་ཉེན་རྟོག་པའི་ཁྲིམས་འཛིན་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱས་ནས་ཉེན་རྟོག་པ་དང་ཁྲིམས་འཛིན་མཉམ་འགུལ་བྱས་ཏེ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་ཉེན་རྟོག་ས་ཚིགས་དང་། གྲོང་ཁྱེར་དང་གཙང་པོ་སྲུང་སྐྱོང་བྱེད་མཁན་གྱི་སྤྱི་བདེ་དང་མི་དམངས་ཉེན་རྟོག་པས་ཡུལ་སྐོར་ཁྲིམས་འཛིན་དང་ཞུ་གཏུག་བདག་སྤྲོད་སོཊ་ཀྱི་ཐད་ཕྱོགས་བསྡུས་གསོ་སྦྱོང་བྱས་ནས་ཡུལ་སྐོར་བ་ལྷ་སར་དགའ་པོ་དང་སྐྱིད་པོ་ཡོང་བའི་ཐད་འབད་བརྩོན་བྱ་རྒྱུ་ཡིན་པ་རེད།
(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社