分享按钮

ལྷ་སའི་ལྷ་མོའི་ནམ་དུས་ཀྱི་འཁྲབ་སྟོན་འགོ་ཚུགས་པ།

(པར་ངོས་དང་པོར་མཐུད)གཅིག་ནི་གྲོང་མི་དང་ཡུལ་སྐོར་བའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་དང་། གཉིས་ནི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་འགྲེམས་སྟོན་དང་ཕྱིར་འཚོང་ལ་སྐུལ་འདེད་བཏང་བ། གསུམ་ནི་ལྷ་མོའི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་འཕེལ་རྒྱས་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་ཅེས་བཤད།

ཐེངས་འདིའི“ལྷ་མོའི་ནམ་དུས་འཁྲབ་སྟོན”གྱི་བྱེད་སྒོ་ནི་མངོན་མིན་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་དང་། ལོ་རྒྱུས་ལྡན་པའི་རིག་གནས་མུ་མཐུད་རྒྱུན་འཛིན། དུས་རབས་དང་མཐུན་པའི་ལེའུ་ཡག་པོ་ཞིག་རྩོམ་རྒྱུ་གཙོ་དོན་དུ་བཟུང་ཞིང་། དེའི་དམིགས་ཡུལ་ནི་སྲོལ་རྒྱུན་རིག་གནས་དར་སྤེལ་ཡག་པོ་བཏང་སྟེ། ལྷ་མོའི་དམིགས་བསལ་གྱི་མངོན་མིན་རིག་གནས་ཤུལ་བཞག་མངོན་པར་བྱ་རྒྱུའི་ཆེད་དུ་ཡིན་པ་རེད། བྱེད་སྒོ་དེ་ནི་ལྷ་མོའི་སྒྱུ་རྩལ་ལ་བརྩི་སྲུང་ཞུ་བ་ཙམ་མ་ཟད། བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བྱ་རྒྱུའི་ཐད་ཁས་ལེན་གང་ལེགས་བྱས་པ་ཞིག་ཡིན་ལ་རིག་གནས་ཀྱི་ཚོགས་འདུ་གཟབ་རྒྱས་ཤིག་ཀྱང་ཡིན་པར་མ་ཟད། ལྷ་ས་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ཐད་ཀྱི་མཚོན་ཚུལ་ནུས་ལྡན་ཞིག་ཀྱང་ཡིན་པ་རེད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-12 6 6 拉萨日报藏文 c182458.html 1 ལྷ་སའི་ལྷ་མོའི་ནམ་དུས་ཀྱི་འཁྲབ་སྟོན་འགོ་ཚུགས་པ། /enpproperty-->