(པར་ངོས་དང་པོར་མཐུད)《ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཁོངས་གཏོགས་ཀྱི་ཡུལ་སྐོར་ཁྲོམ་རའི་ཕྱོགས་བསྡུས་བཅོས་སྒྲིག་ཇུས་གཞི》ཞིབ་འཇུག་བྱས་ནས་བཟོས་པ་དང་།འགན་འཁྲི་ཁ་གསལ་དང་གཙོ་གནད་ལས་དོན་གྱི་ནང་དོན་ཁ་གསལ་བཟོས་ཡོད། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཆེད་དོན་ཞིབ་བཤེར་ཚོགས་ཆུང་བཙུགས་ནས་གྲོང་ཁུལ་གཙོ་བོའི་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་གཉེར་སྐྱོང་གི་བྱེད་པོར་ལྟ་སྐུལ་ཞིབ་བཤེར་བྱས་ཤིང་། གཉེར་སྐྱོང་སྡེ་ཚན་ལ་རིན་གོང་ཁ་གསལ་མེད་པའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ཡོད་མེད་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་དང་།བཟའ་བཏུང་དང་བཟའ་བཅའ་གཉེར་སྐྱོང་སྡེ་ཚན་གྱི་ལག་ཁྱེར་ཆ་ཚང་ཡོད་མེད་དང་། ལས་གཉེར་པའི་བདེ་ཐང་ལག་ཁྱེར་གྱི་དུས་ཚོད་ཡོལ་ཡོད་མེད། དངོས་ཟོག་འཐེན་སྐབས་ཞིབ་བཤེར་དང་སྤ་སེ་ལེན་པའི་ལམ་ལུགས་དོན་འཁྱོལ་བྱས་ཡོད་མེད། “མེད་པ་གསུམ”གྱི་ཐོན་རྫས་དང་དུས་ཚོད་ཡོལ་བའི་བཟའ་བཅའ་འཚོང་གི་ཡོད་མེད། ཚོང་རའི་ནང་གི་གློག་སྐས་ལ་བདག་སྐྱོང་བྱེད་མིན་སོགས་ཀྱི་ཐད་ཞིབ་བཤེར་བྱས་ཡོད། ཁྲེང་ཀོན་ཆུས་དང་། མཐོ་གསར་ཁུལ། སྟོད་ལུང་བདེ་ཆེན་ཆུས་བཅས་ཀྱི་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། གསོལ་མགྲོན་ཁང་། བཟའ་བཏུང་ཚན་པ་སོགས་གཙོ་གནད་དུ་བྱས་ནས་གཏན་འབེབས་ལྟར་རིན་གོང་ཁ་གསལ་མི་བཀོད་པ་དང་། དྲིལ་བསྒྲགས་རྫུན་མ་བྱེད་པ། རྒྱ་གྲངས་ཉུང་བ། ལག་ཁྱེར་མེད་པ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཞིབ་བཤེར་དང་ཐག་གཅོད་ནན་པོ་བྱས་ཡོད། ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་ཚོགས་ཆེན་འཚོགས་རིང་།གྲོང་ཁྱེར་ཡོངས་ཀྱི་ཁྲོམ་ར་ལྟ་སྐུལ་དོ་དམ་ཁོངས་གཏོགས་ཀྱིས་གཉེར་སྐྱོང་བྱེད་པོ་ཁྱོན་3000ལྷག་ཙམ་ལ་ཞིབ་བཤེར་བྱས་ཡོད་ཅིང་། ཞིབ་བཤེར་བྱེད་རིང་ཐབ་ཚང་གི་གཙང་སྦྲ་ཞན་པ་དང་། ལུས་ཁམས་བདེ་སྲུང་གི་བཟའ་བཅའ་འགྲེམས་སྟོན་ཚད་ལྡན་མིན་པ། རྩིས་ཐོ་འཐུས་ཚང་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ་ཚོང་དུད་154ལ་ཡུལ་དངོས་སུ་བཅོས་སྒྲིག་བྱེད་དུ་བཅུག་པ་དང་།ལག་ཁྱེར་མེད་པར་གཉེར་སྐྱོང་དང་རིན་གོང་ཁ་གསལ་མ་བཀོད་པའི་གནད་དོན་ཐད་ཚོང་དུད་124ལ་དུས་བཀག་ནང་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་པ། ཡུལ་སྐོར་དང་འབྲེལ་བ་ཡོད་པའི་གྱོད་གཞི་གཙོ་བོ་8ལ་ཐོ་འགོད་བྱས་ནས་ཐག་གཅོད་བྱས་པ་དང་གྱོད་གཞི་2སྒྲུབ་བཞིན་ཡོད་པ། བསླབ་བྱའི་ཡི་གེ་38སྤྲད་པ།རིན་གོང་བཀོད་པའི་ཤོག་བྱང་10000ལྷག་ཙམ་རིན་མེད་ངང་སྤྲད་པ། བཟའ་བཏུང་ཡོ་བྱད《2024ལོའི་བཟའ་བཅའ་དང་ཞིང་ལས་ཐོན་རྫས་འཐེན་བཤེར་འཆར་གཞིའི》ནང་བཅུག་ནས་འཐེན་བཤེར་ཐེངས་གྲངས་19ལེགས་གྲུབ་ཟིན་ནས་ཚང་མ་ཚད་གཞི་ལོན་ཡོད་པ་རེད།
ཐག་གཅོད་གང་མགྱོགས་བྱས་ནས་མེ་གསོད་ཡོ་བྱད་བེད་སྤྱོད་ཡག་པོ་བྱས་པ་སྟེ། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྟོབས་ཤུགས་གཅིག་སྡུད་བྱས་ནས་འཛད་སྤྱོད་ཀྱི་རྩོད་གཞི་ནུས་ལྡན་ངང་ཐག་གཅོད་བྱས་པ་དང་།འཛད་སྤྱོད་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་ཞབས་ཞུའི་ཕན་ནུས་རྒྱུན་ཆད་མེད་པར་གོང་མཐོར་བཏང་ཡོད། 12315ཡི་དྲ་ཐོག་ལས་སྟེགས་ཀྱི་འཛད་སྤྱོད་རྩོད་གཞི་ཐག་གཅོད(ODR)ལམ་སྲོལ་དང་དེ་བཞིན་གྲོང་ཁྱེར་ཡོངས་ཀྱི་འཛད་སྤྱོད་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་འབྲེལ་གཏུགས་ས་ཚིགས་103གྱི་ནུས་པ་གང་ལེགས་བཏོན་ནས་འཛད་སྤྱོད་ཁེ་དབང་ལ་སྲུང་སྐྱོང་བྱེད་པར་སྤྱི་ཚོགས་ཡོངས་ཀྱིས་མཐུན་སྦྱོར་དང་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་བ་དང་།འཛད་སྤྱོད་རྩོད་གཞི་འདུམ་འགྲིག་གི་ཕན་ནུས་ཆེ་རུ་གཏོང་བ། འཛད་སྤྱོད་ཁེ་དབང་གི་སྲུང་སྐྱོང་སྟབས་བདེ་ཅན་དུ་འགྱུར་བ་བཅས་བྱས་ཏེ་འཛད་སྤྱོད་རྩོད་གཞི་འབྱུང་རྩ་ནས་བསལ་ཡོད། ཞུ་གཏུགས་དང་ཐེར་འདོན་ཚང་མ་ཕབ་འཇུག་ཁག་བགོས་ནས་བརྒྱུད་སྤྲོད་ཐག་གཅོད་བྱས་པའི་བར་ནར་འགྱངས་དང་ཆད་ལུས་མེད་པར་བྱས་ནས་མང་ཚོགས་ཀྱི་རེ་འདུན་དུས་ཐོག་ཏུ་ཐག་གཅོད་འོས་འཚམ་ཐུབ་པར་འགན་ལེན་བྱས་ཡོད། ཟླ་5པར་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཁོངས་གཏོགས་ཀྱིས་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཞུ་གཏུགས་ཁག་71བདག་སྤྲོད་བྱས་པ་དང་ཐེར་འདོན་ཁག་11བྱས་པ་དང་། རྩོད་གཞིར་ཐུག་པའི་དངུལ་གྲངས་སྒོར་ཁྲི་2.37ཟིན་པ་དག་འཛད་སྤྱོད་པར་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་0.37ལེན་ཐུབ་པ་བྱུང་ཡོད།
ཕྱིས་འབྱུང་།ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་གོང་མཐོར་བཏང་ནས་བསམ་བློ་དང་བྱ་སྤྱོད་དེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལས་ཀའི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱ་རྒྱུ་དང་།ཁྲོམ་ར་ལྟ་སྐུལ་དོ་དམ་གྱི་འགན་ནུས་ལ་གཞི་ཚུགས་ནས་ཡུལ་སྐོར་ཁྲོམ་རའི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཛད་སྤྱོད་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་ཕན་ནུས་ཆེ་རུ་གཏོང་བ། བློ་བདེ་བག་ཕེབས་ཀྱི་འཛད་སྤྱོད་ཁོར་ཡུག་བསྐྲུན་པ།རྒྱ་ཆེའི་ཡུལ་སྐོར་བའི་འཛད་སྤྱོད་བདེ་འཇགས་ལ་འགན་ལེན་ཏན་ཏིག་བཅས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱ་རྒྱུ་ཡིན་པ་རེད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社