(པར་ངོས་དང་པོར་མཐུད)ནུས་རྒྱུའི་འཕེལ་ཕྱོགས་ཆེན་པོར་བསྟུན་པའི་ཐབས་ལམ་བཙལ་ཏེ་ནུས་རྒྱུའི་བདེ་འཇགས་ཀྱི་འཐབ་ཇུས་གསར་པ་བཏོན་པ་དང་ནུས་རྒྱུའི་འཛད་སྤྱོད་གསར་བརྗེ་དང་། ནུས་རྒྱུའི་མཁོ་སྤྲོད་གསར་བརྗེ། ནུས་རྒྱུའི་ལག་རྩལ་གསར་བརྗེ། ནུས་རྒྱུའི་སྒྲིག་སྲོལ་གསར་བརྗེ་བཅས་ལ་སྐུལ་འདེད་བཏང་བ།རྒྱལ་སྤྱིའི་མཉམ་ལས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ། རང་རྒྱལ་གྱི་ནུས་རྒྱུའི་མ་ལག་གསར་པ་མགྱོགས་མྱུར་བཙུགས་པ། ནུས་རྒྱུའི་འགན་སྲུང་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་བ་བཅས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད་པ་དང་། འཛམ་གླིང་གི་ནུས་རྒྱུའི་བདེ་འཇགས་དང་ནུས་རྒྱུའི་འཕེལ་རྒྱས་བརྗེ་སྒྱུར་ལ་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་ནུས་རྒྱུའི་བདེ་འཇགས་ལ་དམིགས་ནས་སྤེལ་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་ནི་བརྗོད་དོན་རྒྱ་ཆེ་ལ་གཏིང་ཟབ་པ་དང་། ནང་དོན་ཕུན་སུམ་ཚོགས་པ། དགོངས་པ་གཏིང་ཟབ་པ་བཅས་ཡིན་པས། དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ནུས་རྒྱུའི་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་ནུས་རྒྱུའི་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་ཡག་པོ་གནང་བ་དང་། ནུས་རྒྱུའི་གསར་བརྗེར་སྐུལ་འདེད་གཏིང་ཟབ་གཏོང་བ། ནུས་རྒྱུའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་མགྱོགས་སུ་གཏོང་བ། ཀྲུང་གོའི་ལུཊ་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་བདེ་འཇགས་ལྡན་པ་དང་བློས་འགེལ་ཆོག་པའི་ནུས་རྒྱུའི་འགན་སྲུང་མཁོ་འདོན་བྱེད་པ་བཅས་ཀྱི་ཐད་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད་པ་རེད།
《རྣམ་བཤད་བཏུས་བསྒྲིཊ》དེ་ཆེད་དོན་ཁག་8ལ་དབྱེ་ཡོད་པ་དང་། ཁྱོན་རྣམ་བཤད་དུམ་བུ་217ཡོད་ཅིང་། དེ་དག་ནི་བློ་མཐུན་ཞི་ཅིན་ཕིང་གི་2012ལོའི་ཟླ་11པ་ནས་2024ལོའི་ཟླ་5པའི་བར་གྱི་སྙན་ཞུ་དང་།
གསུང་བཤད། གཏམ་བཤད། གླེང་མོལ། ཤིས་འཕྲིན། འཕྲིན་ལན། མཛུབ་སྟོན། མཆན་བཀོད་མཛུབ་སྟོན་སོཊ་ཚད་ལྡན་ཡིག་ཆ་གལ་ཆེན་130ལྷག་ཙམ་ནས་བཏུས་ཡོད། དེའི་ནང་གི་རྣམ་བཤད་ཁག་གཅིག་ནི་ཡོངས་བསྒྲཊ་ཐོག་འགྲེམས་སྤེལ་བྱེད་ཐེངས་དང་པོ་ཡིན་པ་རེད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社