ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། འདི་ལོའི་ཟླ་6པ་ནི་རྒྱལ་ཡོངས་ཀྱི“ཐོན་སྐྱེད་བདེ་འཇགས་ཟླ་བ”23པ་དེ་ཡིན་ཞིང་།“ཐོན་སྐྱེད་བདེ་འཇགས་ཟླ་བའི”བྱེད་སྒོར་སྔར་བས་སྐུལ་འདེད་བཏང་ནས་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ་དང་།ཐོན་སྐྱེད་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་སྟེ“མི་ཚང་མས་བདེ་འཇགས་ལ་སྣང་ཆེན་དང་ཚང་མས་འཕྲལ་སྡོམ་ཤེས་པའི”རྣམ་པ་བཟང་པོ་ཞིག་གཏོད་ཆེད། ཉིན་ཤས་གོང་། གྲོང་ཁྱེར་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་གིས་སྟོད་ལུང་བདེ་ཆེན་ཆུས་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་དང་མཉམ་དུ་བོད་ལྗོངས་ཧང་ལུང་ཀང་ཐེའི་ཟོག་འགྲེམས་གླིང་དུ་བདེ་འཇཊ་དྲིལ་བསྒྲཊ་ཁེ་ལས་སུ་སྤེལ་བའི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོའི་ནང་། བོད་ལྗོངས་ཧང་ལུང་ཀང་ཐེའི་ཟོག་འགྲེམས་གླིང་གི་འགན་འཁུར་བས་ཐོན་སྐྱེད་བདེ་འཇགས་ཀྱི་ཁས་ལེན་དང་དམ་བཅའ་ལག་བསྟར་བྱས་པ་དང་།སྟོད་ལུང་བདེ་ཆེན་ཆུས་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་མེ་ཟོན་མེ་གསོད་དང་དེ་བཞིན་ཁ་འགྲེམས་སྲོག་ཉེན་ལས་ཐར་བའི་འཕྲལ་སྡོམ་ནང་སྦྱོང་སྒྲིག་འཛུགས་བྱས་ནས་གླིང་ཁུལ་ཁེ་ལས་ཀྱི་ཐོག་སོ་ཁག་གི་ལས་མི་གོ་རིམ་ལྡན་པའི་ངང་ཁ་འགྲེམས་བྱ་རྒྱུར་ཁྲིད་སྟོན་བྱས་པས་ལས་མི་ཚོས་མེ་སྐྱོན་གྱི་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་ནུས་པ་སྔར་བས་ཆེ་རུ་ཕྱིན་པ་དང་། སྟོད་ལུང་བདེ་ཆེན་ཆུས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ལས་དོན་མི་སྣས་ཁ་དབྲག་མོ་ཊ་དང་དེ་བཞིན་དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་ཤེས་བྱའི་སྐོར་ལ་འགྲེལ་བཤད་བརྒྱབ་པ་དང་།ཁ་དབྲག་མོ་ཊའི་ལས་སྒྲུབ་བརྒྱུད་རིམ་ནང་ཐོན་སླ་བའི་ལས་འཛོལ་གྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ།བཀོལ་སྤྱོད་མི་སྣས་བཀོལ་སྤྱོད་བྱེད་པའི་བརྒྱུད་རིམ་ནང་ལྷག་སྲིད་པའི་གནད་དོན་ལ་དབྱེ་ཞིབ་ཞིབ་ཕྲ་བྱས་པ་དང་། བཀོལ་སྤྱོད་མི་སྣའི་བདེ་འཇཊ་འདུ་ཤེས་ཟབ་ཏུ་གཏོང་རོགས་བྱས་པ་རེད།
གཞན་ཡང་། བྱེད་སྒོ་སྤེལ་ཡུལ་དུ་ད་དུང་བློ་འདྲིའི་སྟེགས་བུ་དང་། དྲིལ་བསྒྲགས་འགྲེམས་པང་བཙུགས་ནས《འཕྲལ་སྡོམ་རང་སྐྱོབ་དང་ཕན་ཚུན་སྐྱོབ་རེས་ཀྱི་བདེ་འཇགས་རྒྱུན་ཤེས》དང《གེགས་འགོག་གེགས་སེལ་གྱི་ཤེས་བྱ》སོགས་དྲིལ་བསྒྲགས་དཔྱད་ཡིག་དག་ལ་ཡུལ་དངོས་སུ་འགྲེལ་བཤད་བརྒྱབ་པ་དང་། བྱ་ཐབས་སྣ་ཚོགས་བརྒྱུད་གླིང་ཁུལ་ཁེ་ལས་ཀྱི་ལས་མི་དང་དེ་བཞིན་བཅའ་སྡོད་ཚོང་དུད་ལ་ཐོན་སྐྱེད་བདེ་འཇགས་སྐོར་གྱི་ཤེས་བྱ་ཁྱབ་གདལ་བཏང་བ་རེད།
ལྷ་ས་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་འཕྲལ་སྡོམ་རོགས་སྐྱོབ་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲའོ་ལེ་ཡིས་ཕྱིས་འབྱུང་།གྲོང་ཁྱེར་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་གིས་རྒྱལ་ཡོངས་ཀྱི“ཐོན་སྐྱེད་བདེ་འཇགས་ཟླ་བ”གཙོ་དོན་དུ་བྱས་ནས“མི་ཚང་མས་བདེ་འཇགས་ལ་སྣང་ཆེན་དང་ཚང་མས་འཕྲལ་སྡོམ་ཤེས་པའི་ཚེ་སྲོག་གི་བགྲོད་ལམ་ཤར་གཏོང་ཐུབ་པ”བྱ་རྒྱུར་དམ་པོར་དམིགས་ནས་གྲོང་ཁྱེར་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་གི་འབྲེལ་ཡོད་ཁོངས་མིའི་ཚན་པ་ཁག་དང་མཉམ་འབྲེལ་བྱས་ཏེ། སྡེ་ཁུལ་དང་གྲོང་གསེབ་སོགས་སུ་ཐོན་སྐྱེད་བདེ་འཇཊ་ཀྱི“བརྒྱད་སྤེལ་བ”ཞེས་པའི་དྲིལ་བསྒྲགས་བྱེད་སྒོ་མུ་མཐུད་སྤེལ་རྒྱུ་དང་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པ་དང་བྱ་ཐབས་སྤྱད་དེ། ཐོན་སྐྱེད་བདེ་འཇགས་སྐོར་དར་སྤེལ་གཏོང་རྒྱུ་དང་བདེ་འཇགས་ཀྱི་རྣམ་པ་བཏོད་དེ་བདེ་འཇགས་ཤེས་བྱ་སེམས་ལ་འཇགས་པར་བྱས་ནས་ཐོན་སྐྱེད་བདེ་འཇགས་ཐད་དམ་འཛིན་ལྷོད་མེད་བྱ་རྒྱུ་དང་། ཐོན་སྐྱེད་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་སྲུང་རྒྱུ་ཡིན་ཞེས་བཤད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社