ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཡུལ་སྐོར་ཁྲོམ་རའི་ཆེད་དོན་ཞིབ་བཤེར་ཚོགས་ཆུང་གི་ཁྲིམས་འཛིན་པས་ཡུལ་དངོས་སུ་ཞིབ་བཤེར་བྱེད་སྐབས་ཚོང་ཁང་ནང་གི་ལས་དོན་པའི་བདེ་ཐང་ལག་ཁྱེར་དང་ཚོང་ཟོག་འཐེན་པའི་རྩིས་ཐོ་མཁོ་འདོན་བྱེད་དགོས་པ་དང་། རྔོན་ཤ་གཏན་འགོག་དང་། སྤྱི་སྤྱོད་ཐུར་མ་སྤྱོད་པ་སོགས་ཀྱི་དྲིལ་བསྒྲགས་སྦྱར་ཡིག་མངོན་གསལ་དོད་པའི་གནས་སུ་སྦྱོར་དགོས་པ། ཚོང་ཟོག་ཚང་མར་ངེས་པར་དུ་རིན་གོང་གསལ་པོར་འགོད་དགོས་པ་དང་བཟའ་བཅའི་བདེ་འཇགས་ལ་དུས་བཀག་ལྟར་རང་བཤེར་བྱེད་དགོས་ཞེས་བཤད་པ་རེད།
ཡུལ་སྐོར་བ་མང་བའི་དུས་ཚིགས་སླེབས་པ་དང་བསྟུན་ནས་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ལྷ་ས་གྲོང་ཁྱེར་གྱི་ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་བའི་ཐབས་ཇུས་དང་བཀོད་སྒྲིག་དོན་འཁྱོལ་མཐར་ཕྱིན་དང་། ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ལས་རིཊ་ཀྱི་ཞབས་ཞུའི་འགན་ལེན་ཚད་ལྡན་དུ་གཏོང་བ། ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། ཤེས་དཔལ་དང་།ཞི་མཐུན།ཡིད་རྟོན་བཅས་ལྡན་པའི་ཡུལ་སྐོར་ཁོར་ཡུག་གཏོད་པ། ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། ཉེ་ཆར།ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཁོངས་གཏོཊ་ཀྱིས་འགན་ནུས་ལ་གཞི་ཚུཊ་ཏེ་རང་འགུལ་ངང་ལས་དོན་སྤེལ་ནས་སྔ་རྗེས་སུ《ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཁོངས་གཏོགས་ཀྱི་ཡུལ་སྐོར་ཁྲོམ་རའི་ཕྱོཊ་བསྡུས་བཅོས་སྒྲིག་གི་ཇུས་གཞི》དང《བཟའ་བཏུང་ལས་རིགས་ཀྱིས་བཟའ་བཏུང་ཡོ་བྱད་མཁོ་འདོན་བྱེད་པའི་ཞབས་ཞུ་ཚད་ལྡན་དུ་གཏོང་བའི་ཆེད་དོན་བཅོས་སྒྲིག་ཇུས་གཞི》《ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་ལས་དོན་གྱི་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཚན་གྱི་གཙོ་གནད་འགན་འཁྲི》《ཁ་དན་ཚིག་གནས་དང་ཚད་དང་མཐུན་པའི་གཉེར་སྐྱོང་གི་མཛུབ་ཁྲིད་ལག་དེབ》《ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཁྲོམ་རའི་ཁ་དན་ཚིག་གནས་ཀྱི་གཉེར་སྐྱོང་གི་གྲོས་འགོའི་ཡི་གེ》བཅས་བཟོས་ནས་པར་འགྲེམས་བྱས་ཡོད། ཡུལ་སྐོར་ཁྲོམ་རའི་ཆེད་དོན་བཅོས་སྒྲིག་ལས་དོན་གྱི་ཆེད་དོན་ཚོགས་འདུ་ཐེངས་མང་འཚོགས་ནས་དམིགས་ཚད་དང་ལས་འགན་ཁ་གསལ་བཟོ་བ་དང་། ལས་ཀའི་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་བླང་བྱ་ཞིབ་ཚགས་སུ་གཏོང་བ་བཅས་བྱས་ཏེ་ཡུལ་སྐོར་གྱི་དངོས་ཟོག་ཉོ་སྒྲུབ་དང་ཡུལ་སྐོར་པར་ལེན་སོཊ་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དང་བཅོས་སྒྲིག་ལས་དོན་ལ་ནུས་ཤུཊ་ཡོད་རྒུས་སྐུལ་འདེད་བཏང་ཡོད།
འགན་ནུས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དྲང་གཞག་དང་གོ་རིམ་ལྡན་པའི་ཁྲོམ་རའི་ཁོར་ཡུག་དང་བློ་བདེའི་འཛད་སྤྱོད་ཁོར་ཡུག་ཧུར་ཐག་བསྐྲུན་ནས་རྒྱ་ཆེའི་ཡུལ་སྐོར་བས་ལྷ་སར་ཟས་ཟ་སྐབས་བློ་བདེ་བ་དང་། ཡུལ་སྐོར་ལ་རོལ་སྐབས་སྣང་བ་སྐྱིད་པ། དངོས་ཟོག་ཉོ་སྐབས་བློ་བདེ་བ་བཅས་ཡོང་བར་བྱ་ཆེད། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཡུལ་སྐོར་གྱི་དངོས་ཟོག་ཉོ་སྒྲུབ་བྱ་ཡུལ་ལ་དམིཊ་ནས་ཆེད་དོན་བཅོས་སྒྲིག་བྱས་ཡོད།
དྲིལ་བསྒྲགས་རྒྱ་ཁྱབ་དང་སྔོན་འགོག་ཡག་པོ་བྱས་པ། མང་ཚོགས་ཀྱི་ཚོགས་སྤྱིར་དམིགས་པའི་སྨྱན་སྦྱོར་གྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་འཕྲིན་ཕྲན་སྤྱི་སྟེགས་བརྒྱུད།ལྷ་ས་གྲོང་ཁྱེར་འཛད་སྤྱོད་པའི་མཐུན་ཚོགས་དང་མཉམ་འབྲེལ་བྱས་ནས་ལས་རིགས་ཀྱི་ཀུན་སྤྱོད་ལ་བརྩི་སྲུང་དང་། ཞབས་ཞུའི་ཁས་ལེན་ལག་ལེན། སྤུས་ལེགས་ཀྱི་ཞབས་ཞུ་མཁོ་འདོན། ཞི་མཐུན་གྱི་ཁོར་ཡུག་བསྐྲུན་པ་བཅས་ནང་དོན་དུ་བྱས་པའི《ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ཁྲོམ་ར་ཚད་ལྡན་ངང་གཉེར་སྐྱོང་བྱ་རྒྱུའི་གྲོས་འགོའི་ཡི་གེ》ཁྱབ་བསྒྲགས་བྱས་ཤིང་།ཡུལ་སྐོར་ལས་རིགས་གཉེར་སྐྱོང་པས་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་རང་རྟོགས་ངང་ཆེ་རུ་གཏོང་བ་དང་། ཁྲིམས་དང་སྒྲིག་སྲོལ་དང་མཐུན་པའི་གཉེར་སྐྱོང་བྱས་ནས་ཁྲོམ་རའི་སྒྲིག་ལམ་དང་སྤྱི་དམངས་ཀྱི་ཁེ་ཕན་རང་རྟོགས་ངང་སྲུང་སྐྱོང་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད། ཚོང་ར་དང་གསོལ་མགྲོན་ཁང་སོགས་གཙོ་གནད་ཁུལ་དུ་ཐོན་མང་བའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བྱེད་པ་དང་།གསོལ་མགྲོན་ཁང་གི་འབྲེལ་ཡོད་གཉེར་སྐྱོང་པ་ཁག་གཅིག་སྒྲིག་འཛུགས་བྱས་ནས་ཁ་ཆད་གྲོས་མོལ་དང་བསླབ་བྱ་བྱས་ཏེ་ཁྲིམས་དང་སྒྲིག་སྲོལ་དང་མཐུན་པའི་གཉེར་སྐྱོང་བྱ་རྒྱུར་ཁྲིད་སྟོན་བྱས་ཡོད།
གཙོ་གནད་ཁ་གསལ་བཟོས་ནས་མེ་འགོག་གྱང་བརྟན་དུ་བཏང་བ། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཡུལ་སྐོར་ཁྲོམ་རའི་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་གྱི་བཀོད་སྒྲིག་ཚོགས་འདུ་འཚོགས་ནས་ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་ལས་དོན་གྱི་དམིགས་ཚད་ལ་དམིགས་ཏེ།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社