ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་9ཉིན། “རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ”འཆར་ཉེར་ཡོད་པའི་སྐབས་སུ། 2024ལོའི“ལྷ་མོའི་ནམ་དུས་ཀྱི་འཁྲབ་སྟོན”གྱི་བྱེད་སྒོ་དེ་རྫོང་རྒྱབ་ཀླུ་ཁང་དུ་སྤེལ་འགོ་ཚུགས་ཤིང་། ཟླ་6ཚེས་10ཉིན་ནས་ཚེས་14ཉིན་བར་ཁྲེང་ཀོན་ཆུས་ཉང་བྲན་ལྷ་མོ་ཚོགས་པ་དང་སྟོད་ལུང་བདེ་ཆེན་ཆུས་སྣ་མཁར་ལྷ་མོ་ཚོགས་པ་སོགས་བོད་ཀྱི་ལྷ་མོའི་སྒྱུ་རྩལ་ཚོགས་པ་ལྔ་ཡིས་རྫོང་རྒྱབ་ཀླུ་ཁང་དུ་སྲོལ་རྒྱུན་གྱི་ལྷ་མོ་འཁྲབ་སྟོན་བྱས་ནས་གྲོང་མི་དང་ཡུལ་སྐོར་བར་མིག་གི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད་པ་རེད།
ཉིན་དེར་ཁྲེང་ཀོན་ཆུས་ཉང་བྲན་ལྷ་མོ་ཚོགས་པས《འགྲོ་བ་བཟང་མོ》འཁྲབ་སྟོན་བྱས་ཤིང་། མི་སེམས་འགུལ་བའི་འཁྲབ་སྟོན་དེར་གྲོང་མི་དང་ཡུལ་སྐོར་བའི་དགའ་བསུ་ཆེན་པོ་ཐོབ་ཡོད། བྱེད་སྒོ་སྤེལ་རིང་། ལྷ་སའི་མངོན་མིན་རིག་གནས་ཤུལ་བཞག་གི་ཅ་ལག་ཡག་པོ་གྲོང་མི་དང་ཡུལ་སྐོར་བ་ཀུན་གྱིས་དོ་སྣང་བྱ་ཡུལ་དུ་གྱུར་བར་མ་ཟད། དེ་གར་མངོན་མིན་རིག་གནས་ཤུལ་བཞག་གི་དངོས་ཟོག་སྣ་ཚོགས་ཉོ་རྒྱུ་ཡོད་ཅིང་། དཔེར་ན། གཟིམ་སྤོས་དང་།རྫ་དཀར།ཡིག་གཟུགས།ཞོ། རྟ་ཆས། རྩམ་པ། རྒྱན་གོས་སོགས་ཡོད་པ་རེད།མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་དེ་དག་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པར་མ་ཟད། བཟོ་བོ་རྣམས་ཀྱི་ཕུལ་དུ་བྱུང་བའི་ལག་རྩལ་དང་སྲོལ་རྒྱུན་རིག་གནས་ལ་བཅངས་པའི་བརྩེ་དུང་ཟབ་མོ་དེ་བས་བརྒྱུད་སྤྲོད་བྱས་ཡོད་པ་རེད།
གྲོང་ཁྱེར་རིག་གནས་ཅུས་མངོན་མིན་རིག་གནས་ཤུལ་བཞག་ཁོའོ་ཡི་འགན་འཁུར་བ་བློ་བཟང་གིས“ལྷ་མོའི་ནམ་དུས”སྐབས་དྲུག་པ་གྲུབ་འབྲས་ལྡན་པའི་ངང་གཉེར་ཞིང་། ཕྱོགས་གསུམ་གྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་པ་སྟེ།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社