ས་ཞིང་མུའུ་གཅིག་ནས་ཁེར་གཙང་ཡོང་འབབ་ག་ཚོད་རག་ཐུབ་བམ།
འདི་ལོའི་ཟླ་3ཚེས་19ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧུའུ་ནན་ཞིང་ཆེན་ཁྲང་ཏེ་གྲོང་ཁྱེར་ཏིང་ཁྲེང་ཆུས་ཤེ་ཅ་ཕུའུ་གྲོང་རྡལ་གྱི་འབྲུ་རིགས་ཐོན་སྐྱེད་མུའུ་ཁྲིའི་ཕྱོགས་བསྡུས་དཔེ་སྟོན་ཁུལ་དུ་ཕེབས་ནས་དོ་ཁུར་ཆེན་པོའི་སྒོ་ནས་འབྲུ་རིགས་འདེབས་མཁན་དུད་ཚང་ཆེ་གྲས་ཏའེ་ཧུང་ལ་ན་ནིང་ཞིང་ལས་ཀྱི་ཡོང་འབབ་ཁེ་གཙང་ཁྲི་55ལྷག་ཙམ་བྱུང་བ་དང་སྲིད་གཞུང་གིས་ད་དུང་ཁ་གསབ་ཁྲི་7ལྷག་ཙམ་སྤྲད་ཡོད་པ་གོ་ཐོས་བྱུང་བས་ཧ་ཅང་དགའ་པོ་བྱུང་། འབྲུ་རིགས་འདེབས་མཁན་དུད་ཚང་ལ་གྱོང་གུན་མི་ཕོག་པར་ཡོང་འབབ་བྱུང་ན་གཞི་ནས་འབྲུ་རིགས་འདེབས་པའི་ཧུར་བརྩོན་རང་བཞིན་ལྡན་ཡོད་ཅེས་གསུངས།
འབྲུ་རིགས་བདེ་འཇགས་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྩེ་སེམས་ཟབ་མོའི་ངང་ཏང་ཀྲུང་དབྱང་གིས་ང་ཚོའི་རྒྱ་ཆེའི་གྲོང་གསེབ་ཞིང་ལས་དེང་རབས་ཅན་གྱི་ལམ་བུའི་ཐོག་བསྐྱོད་རྒྱུར་མུ་མཐུད་སྐུལ་མ་དང་རྒྱབ་སྐྱོར་བྱེད་དགོས་པར་མ་ཟད་དེའི་ཐད་ཀྱི་སྲིད་ཇུས་མུ་མཐུད་འཐུས་ཚང་དུ་བཏང་ནས་འབྲུ་རིགས་འདེབས་མཁན་ཡང་ཕྱུག་པོར་འགྱུར་ཐུབ་པ་དང་། རྒྱ་ཆེའི་ཞིང་པའི་འཚོ་བ་རིམ་བཞིན་ཡག་ཏུ་འགྲོ་བར་བྱས་ཏེ་སྔར་བས་བདེ་སྐྱིད་དང་སྔར་བས་མཛེས་སྡུག་ལྡན་པའི་འཚོ་བ་རྒྱུན་ཆད་མེད་པར་སྐྱེལ་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་པར་ཞིང་པ་དུང་ཕྱུར་མང་པོ་ནི་གྲུབ་ཆ་གཙོ་བོ་ཡིན། སུས་ས་ཞིང་འདེབས་པ་ཞེས་པ་ནི་འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་པར་ངེས་པར་དུ་ལན་འདེབས་དགོས་པའི་གནད་དོན་ཞིག་ཡིན་ལ། དེང་རབས་ཅན་གྱི་ཞིང་ལས་ཆེན་པོ་འཕེལ་རྒྱས་གཏོང་བ་དང་ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཞིབ་འཇུག་བྱ་གཞི་ཆེན་པོ་ཞིག་ཀྱང་ཡིན།
དུས་མཉམ་དུ་ཞིང་པའི་ཡོང་འབབ་འཕར་སྣོན་དང་འབྲུ་རིགས་ཐོན་འཕར་འཕེལ་རྒྱས་ཇི་ལྟར་ཡོང་བར་བྱ་རྒྱུ་དེ་ནི་གཙོ་གནད་དུ་བསམ་བློ་གཏོང་དགོས་པའི་གནད་དོན་ཞིག་རེད། ཞིང་པ་རྣམས་ཀྱིས་འབྲུ་རིགས་འདེབས་འདོད་ཡོད་མེད་དང་འབྲུ་རིགས་ག་ཚོད་འདེབས་འདོད་ཡོད་པ་དེའི་གནད་འགག་ནི་འབྲུ་རིགས་བཏབ་ན་ཞིང་པར་ཕན་འབྲས་ག་ཚོད་ཐོབ་མིན་ལ་བལྟ་དགོས། ཞིང་ནང་དུ་མ་གནས་ཀྱི་གནད་དོན་བཀའ་འདྲི་དང་ཞིང་དུད་ཀྱི་ཐོན་འབབ་བརྩི་བའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་གསུམ་ལ་བཅངས་པའི་བརྩེ་སེམས་ཟབ་མོ་མཚོན་ཡོད། དོན་ངོ་མའི་ཞིང་པ་ཕྱུག་པོ་ཆགས་པའི་སྲིད་ཇུས་དང་བྱེད་ཐབས་རེ་རེ་ལས་རྒྱ་ཆེའི་ཞིང་པ་རྣམས་ལ་འབྲུ་རིགས་འདེབས་པའི་ཕན་འབྲས་ཤེས་སུ་བཅུག་ཡོད།
ནུས་ལྡན་གྱི་སྲིད་ཇུས་ཐོག་ནས་ཞིང་པས་འབྲུ་རིཊ་འདེབས་པར་གྱོང་གུན་མི་ཕོག་པ་བྱེད་དགོས།
ལོ་ཤས་རིང་ཏང་ཀྲུང་དབྱང་གིས་འབྲུ་རིགས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་པ་དེ་ནི་ཀྲུང་གོ་བའི་ལྟོ་ཕོར་རང་ཉིད་ཀྱི་ལག་ཏུ་བརྟན་པོར་བཟུང་བ་དང་འབྲུ་འདེབས་ཞིང་པ་རྣམས་ལ་ཕན་པ་དངོས་ཐོབ་པར་བྱས་ནས་འཚོ་བ་དེ་བས་ཡག་པ་ཡོང་བ་བྱ་རྒྱུ་དེ་རེད།2022ལོའི་ཟླ་6པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཨན་ཧུའེ་ཞིང་ཆེན་ཕུའུ་དབྱང་གྲོང་ཁྱེར་ཐའེ་ཧོ་རྫོང་ཀྲང་ཧུའེ་གྲོང་ཚོའི་ཞིང་པ་ཞུས་ཚུང་ཞང་ལ་འཕྲིན་ལན་བསྐུར་ནས་དམངས་ལ་བཅངས་པའི་དྲོ་སྐྱིད་ཀྱི་བསམ་པ་མཚོན་པར་གནང་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཇུས་འགོད་གནང་བ་ནི་ཞིང་པའི་རེ་འདུན་ཏེ། ཞིང་པར་ཕན་པའི་སྲིད་ཇུས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་འབྲུ་རིགས་འདེབས་མཁན་ཞིང་པར་ཁ་གསབ་མང་དུ་བཏང་ནས་ཞིང་པའི་དཔལ་འབྱོར་ལ་གྱོང་གུན་མི་ཕོག་པར་བྱེད་དགོས་པ་དེ་རེད།
དུས་རབས་གསར་པ་ནས་བཟུང་རང་རྒྱལ་གྱིས་ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་པའི་སྲིད་ཇུས་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། འབྲས་དང་གྲོའི་ཉོ་སྒྲུབ་རིན་གོང་དམའ་ཤོས་ཀྱི་སྲིད་ཇུས་ལག་བསྟར་བྱེད་པ། འབྲས་དང་།མ་རྨོས་ལོ་ཏོག་དང་སྲན་ཆེན་ཐོན་སྐྱེད་བྱེད་མཁན་ལ་ཁ་གསབ་སྤྲོད་པ་སོགས་ཀྱི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ།འབྲུ་རིགས་གཙོ་བོ་གསུམ་གྱི་ཐོན་སྐྱེད་མ་གནས་དང་ཡོང་སྒོའི་འགན་བཅོལ་སྲིད་ཇུས་ལག་བསྟར་བྱས་ཡོད།
ཞུས་ཞང་གིས་བབ་ཆགས་པའི་སྐད་ཆའི་ཐོག་ནས་རྒྱ་ཆེའི་ཞིང་པའི་ལྷག་བསམ་ཟོལ་མེད་ཀྱི་འབོད་སྒྲ་སྟེ། འབྲུ་རིཊ་འདེབས་པའི་ཁ་གསབ་དང་། ཉོ་སྒྲུབ་ཀྱི་རིན་གོང་དམའ་ཤོས། ཞིང་ལས་རྒྱུ་ཆའི་ཁ་གསབ་བཅས་ཡིན་པས།ཏང་གི་ཞིང་པར་ཕན་པའི་སྲིད་ཇུས་བཟང་པོ་ལས་ཡུལ་མི་ཚོས་འབྲུ་རིཊ་འདེབས་པའི་ངར་ཤུཊ་སྔར་བས་ཆེ་རུ་ཕྱིན་ཡོད་པ་དེ་རེད།
ཚན་རྩལ་ལ་བརྟེན་ནས་འབྲུ་རིགས་འདེབས་མཁན་ཞིང་པར་འབྲུ་རིགས་ཇི་ཙམ་བཏབ་ན་དེ་ཙམ་གྱིས་ཕན་པ་ཐོབ་པར་བྱེད་དགོས།
2022ལོའི་ཟླ་6པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ངལ་བར་མ་འཛེམ་པར་སི་ཁྲོན་ཞིང་ཆེན་མའེ་ཧྲན་གྲོང་ཁྱེར་ཏུང་ཕའོ་ཆུས་ཀྱི་ཡུང་ཧྥེང་གྲོང་ཚོའི་ཆུ་འབྲས་གསར་པའི་ལག་རྩལ་གསར་པའི་ཚོད་ལྟའི་རྟེན་གཞིར་ཕེབས་ཤིང་། གྲོང་ཚོས་ཞིང་པ་སྒྲིག་འཛུགས་བྱས་ནས་སོན་བཟང་དང་སྔོན་ཐོན་ལག་རྩལ་ལ་བརྟེན་ནས་ཆུ་འབྲས་ཐོན་ཚད་མཐོ་ཤོས་སྤྱི་རྒྱ་900ལྷག་ཙམ་ཟིན་པ་ཐོས་སྐབས་སྤྱི་ཁྱབ་ཧྲུའུ་ཅིས་བྱེད་སྟངས་འདི་ཧ་ཅང་ཡག་པོ་འདུག་ཅེས་བསྔགས་བརྗོད་གནང་ཡོད།
ཞིང་པ་རྣམས་ལ་སྔོན་ཐོན་གྱི་ཞིང་ལས་ལག་རྩལ་ཁོང་དུ་ཆུད་པ་དང་། ལག་རྩལ་ཡག་ཤོས་ལ་བརྟེན་ནས་འབྲུ་རིགས་ཡག་ཤོས་འདེབས་སུ་འཇུག་དགོས། སོན་བཟང་དང་། གོ་སྐབས་བཟང་པོ། ཐབས་བཟང་བཅས་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་ནས་ཞིབ་རྨོ་ཞིབ་འདེབས་ཐད་འབད་བརྩོན་བྱས་ཏེ་འབྲུ་རིགས་ཀྱི་མུའུ་རེའི་ཐོན་ཚད་དང་སྤུས་ཚད་སྔར་བས་མཐོ་རུ་གཏོང་དགོས་ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་བསམ་ཟབ་མོ་དེ་ཡངས་ཤིང་རྒྱ་ཆེ་བའི་ཞིང་ནང་དུ་རྩ་བ་ཚུགས་ཡོད།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社