ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་20ཉིན་ནས་ཟླ་6ཚེས་3ཉིན་བར་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་གྱིས་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱི་སྣེ་ཁྲིད་དེ་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་དང་། ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་། ལྗོངས་ཚོང་དོན་ཐིང་། ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་། ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་། ལྗོངས་མི་རིགས་ལས་དོན་ཨུ་ལྷན་སོགས་ལས་རིགས་སྡེ་ཚན་དུ་ཕེབས་ནས་ལྷ་ས་དང་གཡག་རྔའི་སྤེལ་རེས་མཉམ་ལས་ཀྱི་ཞིབ་ཕྲའི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་གོང་རིམ་སྡེ་ཚན་གྱི་སྲིད་ཇུས་དང་ལས་དོན་ཐད་རྒྱབ་སྐྱོར་དང་མཛུབ་ཁྲིད་བརྩོན་ལེན་ཧུར་ཐག་གནང་ཡོད།
ཀྲའོ་ཧུའེ་ཉན་གྱིས《སི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ས་ཁོངས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན(2024ལོ་ནས་2028ལོ་བར)》གྱི་ནང་དོན་གཙོ་བོ་ངོ་སྤྲོད་ཞིབ་ཕྲ་གནང་བ་དང་འབྲེལ་ལྷ་སའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ལྷ་ས་དང་གཡག་རྔའི་སྤེལ་རེས་མཉམ་ལས་ཀྱི་དོན་ཚན་ཐད་ཕྱོགས་ཡོངས་དང་གཏིང་ཟབ་པའི་མཉམ་ལས་ཀྱི་འདོད་བློ་བཏོན་ཡོད་ལ། ད་ཐེངས་ཀྱི་གཞུང་དོན་སྒྲུབ་བྱེད་འབྲེལ་མཐུད་ཐད་རང་སྐྱོང་ལྗོངས་ཀྱི་ཚན་པ་ཁག་གིས་སྤྲོ་སེམས་འཁོལ་བའི་སྣེ་ལེན་དང་དང་ལེན་ཧུར་ཐག་ཞུས་ཤིང་། ལྷ་ས་གྲོང་ཁྱེར་གྱིས་རང་འགུལ་ངང་གཞུང་དོན་སྒྲུབ་བྱེད་འབྲེལ་མཐུད་དང་། རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱེད་པ། སྔ་སྣུར་གྱི་ལས་ཀའི་འཆར་འགོད་བཅས་བྱེད་པའི་རྣམ་འགྱུར་ལ་ཁས་ལེན་གང་ལེགས་གནང་བ་དང་རང་སོ་སོའི་ལས་རིགས་ཀྱི་ཁྱད་ཆོས་ལ་གཞིགས་ནས་ལྷ་ས་དང་གཡག་རྔའི་དབར་གྱི་སྤེལ་རེས་མཉམ་ལས་ཀྱི་གཙོ་གནད་ཁྱབ་ཁོངས་དང་འབད་བརྩོན་གྱི་ཁ་ཕྱོགས་ལ་མཛུབ་ཁྲིད་ཞིབ་ཚགས་གནང་ཡོད།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社