ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ས་མཐོའི་ཁྱད་ལྡན་ཐོན་རྫས་ཚོང་ཟོག་ཅན་དང་། ཁེ་ལས་ཅན། དེང་རབས་ཅན་བཅས་ཀྱི་འཕེལ་རྒྱས་ཐད་སྐུལ་འདེད་ཧུར་ཐག་བཏང་བ་དང་། ཐོན་ལས་ལ་ཕན་འབྲས་ཐོན་པ་དང་མང་ཚོགས་ལ་འབབ་འཕར་ཡོང་རྒྱུ་གཙོ་བོར་འཛིན་པ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཐོན་སྐྱེད་ཀྱི་རྣམ་པ་དང་། ཕྱིར་འཚོང་མཉམ་ལས་ཀྱི་རྣམ་པ། ཞབས་ཞུའི་རྣམ་པ་བཅས་ཀྱི་མཉམ་ལས་ཁང་གི་དཔལ་འབྱོར་སྒྲིག་འཛུགས་སྣ་ཚོགས་གསར་འཛུགས་བྱེད་པར་བསྔགས་བརྗོད་དང་། སྐུལ་འདེད། ཁྲིད་སྟོན་བཅས་བྱས་པས་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད།
པར་འདི་ནི་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཞོ་ལེགས་བོད་ཤོག་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་བཟོ་པས་བོད་ཤོག་བཟོ་བཞིན་པ།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社