分享按钮

ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ཉིན་དང་པོར་སྤྱི་ཚོགས་ཡོངས་སུ་ས་ཁོངས་ལས་བརྒལ་བའི་མི་སྣ་འཁོར་རྒྱུག་བྱེད་ཚད་མི་ཐེངས་དུང་ཕྱུར་2ལས་བརྒལ་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན། གསར་འགོད་པས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་6ཚེས་8ཉིན(ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ཉིན་དང་པོ)སྤྱི་ཚོགས་ཡོངས་སུ་ས་ཁོངས་ལས་བརྒལ་བའི་མི་སྣ་འཁོར་རྒྱུག་བྱེད་ཚད་མི་ཐེངས་ཁྲི་20867.1ཟིན་ཡོད།

ཞིབ་ཕྲའི་ཐོག་ནས་བལྟས་ན། ལྕགས་ལམ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་1724.6ཟིན་པ་དང་། ཆུ་ལམ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་79.1ཟིན་པ། དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་191.4ཟིན་ཡོད་པ་རེད། གཞུང་ལམ་བརྒྱུད་ས་ཁོངས་ལས་བརྒལ་བའི་མི་སྣ་འཁོར་རྒྱུག་བྱེད་ཚད(དེའི་ནང་མྱུར་བགྲོད་གཞུང་ལམ་དང་དེ་བཞིན་སྤྱིར་བཏང་གི་རྒྱལ་ཁབ་དང་ཞིང་ཆེན་གཞུང་ལམ་གྱི་ལས་གཉེར་རང་བཞིན་མིན་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་སྟེང་མི་སྣ་འགྲོ་སྐྱོད་བྱེད་ཚད་དང་གཞུང་ལམ་གྱི་ལས་གཉེར་རང་བཞིན་གྱི་འགྲུལ་སྐྱེལ་བྱེད་ཚད་ཚུད་ཡོད)མི་ཐེངས་ཁྲི་18872ཟིན་ཡོད་པ་རེད། དེའི་ནང་མྱུར་བགྲོད་གཞུང་ལམ་དང་དེ་བཞིན་རྒྱལ་ཁབ་དང་ཞིང་ཆེན་གཞུང་ལམ་དཀྱུས་མའི་ལས་གཉེར་རང་བཞིན་མིན་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་སྟེང་མི་སྣ་འགྲོ་སྐྱོད་བྱེད་ཚད་མི་ཐེངས་ཁྲི་15171ཟིན་པ་དང་། གཞུང་ལམ་ཐོག་ལས་གཉེར་རང་བཞིན་གྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་3701ཟིན་ཡོད་པ་རེད། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-11 6 6 拉萨日报藏文 c182359.html 1 ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ཉིན་དང་པོར་སྤྱི་ཚོགས་ཡོངས་སུ་ས་ཁོངས་ལས་བརྒལ་བའི་མི་སྣ་འཁོར་རྒྱུག་བྱེད་ཚད་མི་ཐེངས་དུང་ཕྱུར་2ལས་བརྒལ་བ། /enpproperty-->