ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་9ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས། རྒྱལ་ཁབ་ནུས་རྒྱུ་ཅུས་སོགས་ཚན་པས་ཉེ་ཆར《ངར་ལྕགས་ལས་རིགས་ཀྱི་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་དུ་གཏོང་བའི་ཆེད་དོན་བྱ་སྤྱོད་ཀྱི་འཆར་གཞི》ཁྱབ་བསྒྲགས་བྱས་ནས་ངར་ལྕགས་ལས་རིགས་ཀྱི་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་དུ་གཏོང་བའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ཏེ། ངར་ལྕགས་ལས་རིགས་ཀྱི་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་སྒྱུར་བཀོད་དང་ནུས་རྒྱུ་སྒྲིག་ཆས་གསར་དུ་བརྗེ་རྒྱུ་མགྱོགས་སུ་བཏང་ཡོད་པ་རེད།
ངར་ལྕགས་ལས་རིགས་ནི་རྒྱལ་དམངས་དཔལ་འབྱོར་གྱི་རྨང་གཞིའི་ཐོན་ལས་གལ་ཆེན་ཞིག་ཡིན་ལ། ནུས་ཁུངས་ཟད་གྲོན་དང་དབྱང་གཉིས་ཐཱན་འགྱུར་ཕྱིར་གཏོང་བྱེད་པའི་ལས་རིགས་གཙོ་བོ་ཞིག་ཀྱང་ཡིན། བྱ་སྤྱོད་འཆར་གཞིའི་ནང་བཏོན་དོན། 2024ལོ་ནས་2025ལོ་བར། ངར་ལྕགས་ལས་རིགས་ཀྱི་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་སྒྱུར་བཀོད་དང་ནུས་སྤྱོད་སྒྲིག་ཆས་གསར་བརྗེས་བྱས་པ་བརྒྱུད། ནུས་རྒྱུ་གྲོན་ཆུང་བྱེད་ཚད་ཚད་ལྡན་རྡོ་སོལ་ཏུན་ཁྲི་2000ཙམ་དང་། དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་བྱེད་ཚད་ཏུན་ཁྲི་5300ཙམ་ཉུང་དུ་འགྲོ་རྒྱུ་ཡིན་པ་རེད།
བྱ་སྤྱོད་འཆར་གཞིའི་ནང་བཏོན་དོན། ད་དུང་2030ལོའི་ལོ་མཇུག་ཏུ་སླེབས་སྐབས། ངར་ལྕགས་ལས་རིགས་ཀྱི་ལས་རིམ་གཙོ་བོའི་ཕན་ནུས་སྔར་བས་ཀྱང་ཆེ་རུ་ཕྱིན་ནས།ནུས་ཁུངས་སྤྱོད་པའི་སྒྲིག་ཆས་གཙོ་བོའི་ནུས་པ་གཞི་རྩའི་ཆ་ནས་སྔོན་ཐོན་ཆུ་ཚད་དུ་སླེབས་རྒྱུ་དང་། ངར་ལྕགས་ཏུན་གཅིག་ལ་ཕྱོགས་བསྡུས་ནུས་རྒྱུ་ཟད་གྲོན་དང་ཐཱན་འབུད་ཚད་མངོན་གསལ་དོད་པོས་ཉུང་དུ་འགྲོ་རྒྱུ། ནུས་ཁུངས་སྤྱོད་པའི་གྲུབ་ཆ་རྒྱུན་མཐུད་ངང་ལེགས་སུ་འགྲོ་རྒྱུ། མཐོ་ཐབ་དབྱང་ཕྱུག་ལག་རྩལ་དང་ཆིང་ལྕགས་བཞུ་ལག་རྩལ་སོགས་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་དུ་གཏོང་བའི་སྔོན་ཐོན་ལག་རྩལ་ལ་ཚད་བརྒལ་གསར་པ་ཡོང་རྒྱུ། ལས་རིགས་འབྱུང་འཕྲོད་ཐཱན་ཉུང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་རྒྱུ་བཅས་ཡིན་པ་རེད། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社